འགྲམ་གྲུ་ཁར་རྒྱལ་ཁབ་ཕྱི་ནང་དུ་སྐྱོད་པའི་དུས་རྩེར་སོན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-04 09:32:00 ཀློག་གྲངས།:

位于中尼边境的西藏聂拉木樟木镇
ཀྲུང་བལ་སོ་མཚམས་སུ་མཆིས་པའི་གཉའ་ནང་རྫོང་འགྲམ་གྲོང་རྡལ།

འགྲམ་གྲུ་ཁར་ཚོང་རྫས་ཉོ་རུ་ཡོང་བའི་བལ་བོ་བ།

བོད་ལྗོངས་སུ་གནས་སྐོར་དུ་ཡོང་བའི་རྒྱ་གར་གྱི་གནས་སྐོར་བ།

  ཉིན་འདི་གའི་ནང་བོད་ལྗོངས་གཉའ་ནང་རྫོང་འགྲམ་གྲུ་ཁར་མངའ་ཁོངས་ཕྱི་ནང་དུ་བསྐྱོད་པའི་མི་ཇེ་མང་དུ་སོང་བ་དང་བསྟུན་ནས་ལོ་རེའི་རྒྱལ་ཁབ་ཕྱི་ནང་དུ་བགྲོད་པའི་དུས་རྩེར་བསླེབས་པ་རེད། 2012ལོའི་ལོ་སྟོད་དུ་འགྲམ་གྲོང་རྡལ་དུ་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས29131དང་། ས་མཚམས་ཀྱི་མི་གྲངས་མི་ཐེངས293441། རླངས་འཁོར་བགྲོད་ཐེངས7114ལ་བསླེབས་པ་རེད།
  1965ལོར་བཙུགས་པའི་འགྲམ་གྲུ་ཁ་ནི་བོད་ལྗོངས་ལྷོ་ནུབ་ཕྱོགས་ཀྱི་ཀྲུང་བལ་སོ་མཚམས་སུ་མངའ་བའི་འགྲམ་གྲོང་རྡལ་དུ་ཡོད་ཅིང་། བལ་བོའི་རྒྱལ་ས་ཀ་ཏ་མན་རྡུ་དང་སྤྱི་ལེ90ཙམ་ཡོད། འགྲམ་གྲུ་ཁ་ནི་བོད་ལྗོངས་སུ་མངའ་བའི་རྒྱལ་ཁབ་རིམ་པའི་ས་ལམ་གྱི་ཚོང་འགྲུལ་གྲུ་ཁ་དང་ཀྲུང་གོ་ནས་ཡ་གླིང་ལྷོ་རྒྱུད་ཀྱི་སྐམ་སར་སྐྱོད་པའི་ཕྱིར་འབྱེད་གྲུ་ཁ་ཆེས་ཆེ་བ་ཡིན་པས། ཀྲུང་བལ་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་འབྲེལ་འདྲིས་བྱེད་པའི་བགྲོད་ལམ་གཙོ་བོ་ཞིག་ཏུ་གྲུབ་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།