མཚོ་སྐོར་ལྕགས་རྟ་སྐོར་ཐེངས་ལྔ་བ་ཐེམ་ཆེན་རྫོང་ནས་གཏོང་འགོ་ཚུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-04 11:24:00 ཀློག་གྲངས།:

མཚོ་སྐོར་ལྕགས་རྟ་འགྲན་སྐབས་ལྔ་བ་ཐེམ་ཆེན་རྫོང་ནས་གཏོང་འགོ་ཚུགས་པ།
མཚོ་སྐོར་ལྕགས་རྟ་སྐོར་ཐེངས་ལྔ་བ་ཐེམ་ཆེན་རྫོང་ནས་གཏོང་འགོ་ཚུགས་པར་མཛད་སྒོར་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད།

         ཟླ7པའི་ཚེས3ཉིན་གྱི་སྔ་དྲོའི་ཆུ་ཚོད7:30སྟེང་།  ཐེམ་ཆེན་རྫོང་དུ2012ལོའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་སྐོར་ཐེངས་ལྔ་བ་སྟེ་ཐེམ་ཆེན་ནས་ནུབ་མཚོ་གྲོང་རྡལ་བར་གྱི་འགྲན་བསྡུར་འགོ་བརྩམས།
         མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའི་འགོ་གཙོ་ཧྥུན་ཅན་ཕིན་དང་། མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་ཞིན་གོ་པིན། མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ནོའོ་ཝེ་ཞིན།  དེ་མིན་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་རྣམས་ལྕགས་རྟ་འགྲན་འགོ་ཚུགས་པའི་མཛད་སྒོར་ཞུགས།

མཚོ་སྐོར་ལྕགས་རྟ་འགྲན་སྐབས་ལྔ་བ་ཐེམ་ཆེན་རྫོང་ནས་གཏོང་འགོ་ཚུགས་པ།
མཚོ་སྐོར་ལྕགས་རྟ་སྐོར་ཐེངས་ལྔ་བ་ཐེམ་ཆེན་རྫོང་ནས་གཏོང་འགོ་ཚུགས་པར་གླུ་གར་འཁྲབ་སྟོན་བྱེད་པ།

         ཡུལ་འདིའི་ཁྱད་དུ་འཕགས་པའི་མི་རིགས་དམངས་སྲོལ་གླུ་གར་གྱིས་ཐེམ་ཆེན་རྫོང་དུ་མཚོ་སྐོར་ལྕགས་རྟ་སྐོར་ཐེངས་ལྔ་བ་འགོ་རྩོམ་པར་སྒོ་གླགས་ཕྱེ་བ་སྟེ། རྩྭ་ཐང་དུ་དམངས་གླུ་བླངས་ཤིང་རྩྭ་ཐང་མི་དམངས་ཀྱིས་ལག་ཏུ་ཁ་བཏགས་དཀར་པོ་ཡར་བཏགས་པ་དང་།  ཞིམ་མངར་གྱི་འོ་ཇ་འདྲེན་བཞིན་འགྲན་ཞུགས་པ་རྣམས་ཀྱིས་གཡུར་དུ་ཟ་བའི་གྲུབ་འབྲས་ལེན་པར་སྨོན་འདུན་ཞུས།

མཚོ་སྐོར་ལྕགས་རྟ་འགྲན་སྐབས་ལྔ་བ་ཐེམ་ཆེན་རྫོང་ནས་གཏོང་འགོ་ཚུགས་པ།
མཚོ་སྐོར་ལྕགས་རྟ་སྐོར་ཐེངས་ལྔ་བ་ཐེམ་ཆེན་རྫོང་ནས་དངོས་སུ་གཏོང་འགོ་ཚུགས་པ།

         སྐོར་ཐེངས་ལྔ་བ་ནི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་ད་ལོར་གསར་དུ་གཏད་པའི་སྐོར་ཐེངས་ཤིག་ཡིན་པ་མ་ཟད། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་དེ་ཚྭ་འདམ་གཞོང་དུ་བསྐྱོད་པའི་སྐོར་ཐེངས་གཉིས་པའང་ཡིན། སྐོར་ཐེངས་འདིའི་སྤྱིའི་རིང་ཚད་ནི་སྤྱི་ལེ205དང་། མཚོ་ངོས་མཐོ་ཚད་ནི་སྨི3087ནས3417བར་ཡིན། འདི་ནི་ཐེངས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་ཁྲོད་ཆེས་རིང་བའི་སྐོར་ཐེངས་ཤིག་ཀྱང་ལགས།  སྐོར་ཐེངས་འདིའི་གནས་ཐིག་ནི་མཚོ་སྔོན་པོའི་ནུབ་བྱང་ཕྱོགས་སུ་ཡོད་པ་དང་།  གནམ་གཤིས་འཁྱགས་ཤིང་སྐམ་པ། ཉི་འཆར་ཅུང་རིང་བ།  སྨུག་ཕྱིའི་འོད་ཐིག་དྲག་པ།  རླུང་གཡུགས་ཚད་ཅུང་དྲག་པོར་སྣང་།  ལམ་བར་དུ་རིམ་གསུམ་རི་འཛེགས་སྣེ་ཐིག་ཅིག་བཙུགས་ཡོད་དེ།  སྔོན་གྱི་འགྲན་སྐབས་དང་བསྡུར་ན་འདི་ནི་ཅུང་ས་ཁོད་སྙོམས་པོ་དང་རི་བོ་ལས་དལ་གྱིས་མར་འབབ་པ་གཙོར་བཟུང་བ་ཡིན། ཏག་ཏག་སྤྱི་ལེ160ཡི་སར་ཅུང་དཀའ་ཁག་ཆེ་བའི་རི་འཛེགས་ལམ་ཐིག་ཅིག་བཙུགས་ཡོད་པ་དེས་གཙོ་བོར་འགྲན་ཞུགས་པ་རྣམས་ཀྱི་མྱུར་ཚད་ལ་ཉམས་ཚོད་ལེན་པ་ཙམ་ཡིན་ནའང་།  སྤྱི་ལེ205ཅན་གྱི་འགྲན་ཐིག་ནི་འགྲན་ཞུགས་པ་རྣམས་ཀྱི་ལུས་ཤུགས་ལ་ཆེ་ཆེར་དོ་འགྲན་གྱི་ཡོད།

མཚོ་སྐོར་ལྕགས་རྟ་འགྲན་སྐབས་ལྔ་བ་ཐེམ་ཆེན་རྫོང་ནས་གཏོང་འགོ་ཚུགས་པ།
མཚོ་སྐོར་ལྕགས་རྟ་སྐོར་ཐེངས་ལྔ་བ་ཐེམ་ཆེན་རྫོང་ནས་དངོས་སུ་གཏོང་འགོ་ཚུགས་པ།

         འགྲན་ཞུགས་པ་རྣམས་རྒྱལ་ཁབ་གཞུང་ལམ315བརྒྱུད་དེ་ཐེམ་ཆེན་རྩྭ་ཐང་གི་མཛེས་ལྗོངས་དང་བསྡོངས་ནས་ཤར་ཕྱོགས་སུ་སྤྱི་ལེ50རྒྱུག་རྗེས་གཞི་ནས་མཚོ་བྱང་ཁུལ་དུ་འབྱོར་བ་ན་སླར་མཚོ་སྔོན་པོ་ཁར་ལོག་པ་ཡིན། ཐེམ་ཆེན་རྫོང་དུ་འགོ་ཚུགས་པ་ནས་བཟུང་ཕྱོགས་བཞི་མཚམས་བརྒྱད་ནས་སླེབས་ཤིང་ལུས་ལ་གཟབ་མཆོར་སྤྲས་པའི་རོང་འབྲོག་མང་ཚོགས་རྣམས་ཀྱིས་འགྲན་ཞུགས་པ་རྣམས་ལ་སྐུལ་ལྕགས་བྱས།
         སྤྱི་ལེ205ཡི་ལམ་ཐིག་བརྒྱུད་རྗེས་སི་ཕན་ཨན་ཏཱ་ལུ་ཞི་ཡ་རུ་ཁག་གི་འགྲན་ཞུགས་ཨང16པ་ལོ་པཱ་ཐོ་ནི་སྐོར་ཐེངས་འདིའི་གདོང་ལེན་པར་གྱུར་བ་དང་།  དབྱི་ལང་གི་འགྲན་ཞུགས་ཨང71པ་ཨ་ལེ་ཀྲ་ཏི་ནི་སྤྱིའི་སྐར་གྲངས་དང་པོ་ལས་ཡང་བསྐྱར་སྣེ་ཁྲིད་གྱོན་ཆས་སེར་བོ་སྤྲས་པ་དང་ཆབས་ཅིག  རི་འཛེགས་རྒྱལ་པོ་དང་ཡ་གླིང་ཕུལ་བྱུང་སྒོར་ཐིག་གྱོན་གོས་དང་གྱོན་གོས་སྔོན་པོའི་ཚབ་བྱེད་རྒྱུན་འཁྱོངས་བྱས།  སི་ལོ་ཝུན་ཉི་ཡ་སཱ་ཝ་རུ་ཁག་གི་འགྲན་ཞུགས་པ་ལུའུ་ཁཱ་ལ“གདོང་མཆོང་ཨང་དང་པོའི”སྔོ་མདོག་སྣེ་ཁྲིད་གྱོན་གོས་ཐོབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།