སྲིན་མོ་བུད་མེད་དང་བྱིས་པའི་ཞབས་འདེགས་ཚོགས་པ་བསང་ཆུར་སྐྱོད་པ།
དང་བླངས་པ་རྣམས་ཀྱིས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།
བསང་ཆུ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནང་བའི་བུད་མེད་བདེ་ཐང་སྐོར་གྱི་དཔེ་ཚོགས།
ཉེ་ཆར། སྲིན་མོ་བུད་མེད་དང་བྱིས་པའི་ཞབས་འདེགས་ཚོགས་པ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོ་དང་བསང་ཁོག་ཡུལ་ཚོར་ཕྱིན་ནས་བུད་མེད་ཀྱི་འཕྲོད་བསྟེན་བདེ་ཐང་སྐོར་གྱི་རྒྱུན་ཤེས་ཟབ་སྦྱོང་བྱས་པ་རེད། ཐེངས་འདིའི་བྱ་འགུལ་ལ་བསང་ཆུ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པ་དང་། ལས་ཁུངས་དེའི“སྐྲན་གཉིས་སྨན་བཅོས་ལ་གཟིགས་སྐྱོང་དང་བུད་མེད་ཀྱི་བདེ་ཐང་ལ་ཐུགས་ཁུར་གནང་བ”ཞེས་པའི་བྱ་འགུལ་དང་མཉམ་དུ་སྤེལ་བ་ཡིན། ཐེངས་འདིའི་ཟབ་སྦྱོང་གི་ཁྲོད་དུ་རྒན་གྱ་ཡུལ་ཚོའི་བུད་མེད78དང་། བསང་ཁོག་ཡུལ་ཚོའི་བུད་མེད40ཞུགས་ཡོད་ཅིང་། གཙོ་བོ་བུད་མེད་འཕྲོད་བསྟེན་བདག་སྐྱོང་དང་། སྦྲུམ་མའི་རྒྱུན་ཤེས། མོ་ནད་ལས་རྒྱུན་བྱུང་ནད་རིགས་ཀྱི་སྔོན་འགོག་སོགས་ཀྱི་ཤེས་བྱ་དག་ཁྱབ་བརྡལ་དུ་བཏང་ལ། ཟབ་སྦྱོང་མཇུག་སྒྲིལ་རྗེས་བུད་མེད་རྣམས་ལ་བདག་སྐྱོང་གི་སྨན་རྫས་དང་ཡོ་ཆས་དག་གནང་བ་རེད།
ཟབ་སྦྱོང་སྤེལ་བཞིན་པའི་ཡུལ་དངོས།
ཞབས་འདེགས་ཚོགས་པ་དང་ཟབ་སྦྱོང་ལ་ཞུགས་པའི་བུད་མེད་རྣམས་མཉམ་དུ་པར་སྐྱོན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com