ངོས་དང་པོ > སྐབས་དོན། > སྣ་ཚོགས། > གཙང་གསུམ་འབྱུང་ཡུལ་བརྗོད་གཞིར་བྱས་པའི་རྒྱན་ཤོག་མི་འགྱངས་པར་སྤེལ་ངེས།
གཙང་གསུམ་འབྱུང་ཡུལ་བརྗོད་གཞིར་བྱས་པའི་རྒྱན་ཤོག་མི་འགྱངས་པར་སྤེལ་ངེས།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-07-08 11:29:00
ཀློག་གྲངས།:
ཟླ7པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་ཞིང་ཆེན་ལུས་རྩལ་རྒྱན་ཤོག་དོ་དམ་ལྟེ་གནས་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨ་རིག་རྫོང་དུ་གཙང་གསུམ་འབྱུང་ཡུལ་བརྗོད་གཞིར་བྱས་པའི་ལུས་རྩལ་རྒྱན་ཤོག་ཚོང་རར་འགྲེམ་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་ཀྱི་སྨྱན་སྦྱོར་རྣམས་ལ་མི་འགྱངས་པར་སྤེལ་གྲབས་ཡོད་པའི་གཙང་གསུམ་འབྱུང་ཡུལ་བརྗོད་གཞིར་བྱས་པའི་ལུས་རྩལ་རྒྱན་ཤོག་གི་གནས་ཚུལ་ཁག་མཚམས་སྦྱོར་བྱས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་ལོ་གཅིག་གི་རིང་དུ་རེ་ཞུ་དང་། ཇུས་འགོད། པར་རྒྱག་བྱས་པར་བརྒྱུད་ནས། སྔོན་མར་སྤེལ་ཟིན་པའི་ཡ་གླིང་གི་རབ་ཤོས་འགྲན་དོན་དང་། མཚོ་སྔོན་གྱི་མཛེས་ལྗོངས། མཚོ་སྔོན་གྱི་ཡུལ་སྲོལ། མཚོ་སྐོར་འགྲན་ཚོགས་ཆེན་མོ་སོགས་ཀྱི་རྗེས་སུ་ཡང་བསྐྱར་གཙང་གསུམ་འབྱུང་ཡུལ་བརྗོད་གཞིར་བྱས་པའི་ལུས་རྩལ་རྒྱན་ཤོག་སྟེ་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་མུ་འབྲེལ་རྒྱན་ཤོག་ཅིག་ཀུན་གྱིས་མཐོང་ལམ་དུ་མངོན་རྒྱུ་རེད།
འབྲེལ་ཡོད་ཀྱི་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན་གཙང་གསུམ་འབྱུང་ཡུལ་བརྗོད་གཞིར་བྱས་པའི་རྒྱན་ཤོག་དེ2012ལོའི་ཟླ7པའི་ཚེས14ཉིན་ཐོག་མར་མཚོ་སྔོན་དང་། ཀན་སུའུ། ཉིན་ཞ་བཅས་ཞིང་ཆེན་གསུམ་དུ་མཉམ་དུ་སྤེལ་རྗེས། ཟླ8པར་རྒྱལ་ཡོངས་སུ་འགྲེན་སྤེལ་བྱེད་རྒྱུ་རེད། རྒྱན་ཤོག་འདིའི་འགྲེམ་སྤེལ་གྱིས་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་གི་མཚོན་རྟགས་རིན་ཐང་མཐོ་རུ་བཏེགས་ནས་སྤྱི་ཕན་ལུས་རྩལ་རྒྱན་ཤོག་དང་ཁོར་ཡུག་སྲུང་སྐྱོབ་ལེགས་པོར་ཟུང་སྦྲེལ་བྱེད་རྒྱུ་ཡིན་ཅིང་། དེས་མཛེས་པའི་མཚོ་སྔོན་ཁྱབ་སྒྲོག་དང་། གཙང་གསུམ་ཁོར་ཡུག་སྲུང་སྐྱོབ། ཀྲུང་གོའི་ལུས་རྩལ་རྒྱན་ཤོག་གི་སྤྱི་ཕན་གྱི་མཚོན་རྟགས་སྣང་བརྙན་བཞེངས་བསྐྲུན་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།