ཆོས་དབྱིངས་སྐྱིད་ཀྲུང་གོའི་ཨོ་རྩལ་འགྲན་སྡུར་ལ་ཞུགས་པའི་མིང་ཐོ་རུ་བདམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-11 09:23:00 ཀློག་གྲངས།:

切阳什姐成为我国首位入选奥运会的藏族选手
ཨོ་རྩལ་འགྲན་སྡུར་ལ་ཞུགས་པའི་བོད་རིགས་ལུས་རྩལ་བ་ཐོག་མ་སྟེ་ཆོས་དབྱིངས་སྐྱིད་ལགས།

  ཟླ7པའི་ཚེས10ཉིན། 2012ལོའི་ལུན་ཏུན་ཨོ་རྩལ་འགྲན་ཚོགས་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་བཙུགས་པའི་ཚོགས་འདུ་པེ་ཅིང་དུ་བསྡུས་ཏེ། ད་ལོའི་ཨོ་རྩལ་འགྲན་རྩལ་ལ་ཞུགས་པའི་ཀྲུང་གོའི་ལུས་རྩལ་བའི་མིང་གཏན་ཁེལ་བྱས་པ་རེད། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཀྲུང་གོའི་མཆོང་རྒྱུག་འཐུས་ཚབ་རུ་ཁག་གི་གྲས་སུ་བདམས་ཤིང་། ཁོ་མོ་ནི་རང་རྒྱལ་གྱི་ཨོ་རྩལ་འགྲན་ཚོགས་ལུས་རྩལ་རུ་ཁག་གི་མིང་ཐོ་རུ་བདམས་པའི་བོད་རིགས་འགྲན་ཞུགས་པ་ཐོག་མ་དང་། ལཱི་ཁྲོན་ཞུག་གི་རྗེས་ཀྱི་ལོ་ངོ20ནང་མཚོ་སྔོན་ནས་ཐོན་པའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ལུས་རྩལ་བ་ཡིན་པ་རེད།
  མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའི་ཅུའུ་ཀྲང་ཧྥིན་ཅན་ཕིན་གྱིས་བཤད་རྒྱུར། ཆོས་དབྱིངས་སྐྱིད་ལུན་ཏུན་ཨོ་རྩལ་འགྲན་ཚོགས་ཁྲོད་བདམས་པ་ནི་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་བྱ་གཞག་གོང་དུ་སྤེལ་བའི་དོན་ཆེན་ཞིག་ཡིན་ཞེས་བརྗོད། རྒྱུས་ལོན་བྱུང་བ་ལྟར་ན་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཉིན་འདི་གར་སྦྱོང་བརྡར་བྱེད་བཞིན་པའི་སྒང་ཡིན་ལ། ཁོ་མོས་བཤད་རྒྱུར། ངས་རྒྱུགས་འབྲས་ལེགས་པོ་ཞིག་བླངས་ནས་རྒྱལ་ཁབ་རུ་ཁག་གི་སྐྱེད་སྲིང་དང་ཡུལ་མི་རྣམས་ཀྱི་བརྩེ་སེམས་ལ་དྲིན་གཟོ་ངེས་ཡིན་ཞེས་བརྗོད་པ་རེད།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།