རེབ་གོང་སྒྱུ་རྩལ་ཐོན་ལས་གཞི་རྒྱ་ཅན་ཏུ་འཕེལ་བཞིན་པ།
ལྷ་རིས་པས་ཐང་ག་འབྲི་བཞེངས་བྱེད་བཞིན་པ།
“སེང་གེ་གཤོང་སྒྱུ་རྩལ་ཚོ་བ”དང“ཐང་གའི་ཕ་ས”ཞེས་སྙན་པའི་གྲགས་པ་ཕྱོགས་བཞིར་རྒྱས་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ཁོངས་ཀྱི་སེང་གེ་གཤོང་ནི་རེབ་གོང་སྒྱུ་རྩལ་གྱི་ལྟེ་བ་ལྟ་བུར་གྲུབ་ཅིང་། དུད་ཚང་རེ་ལ་ལྷ་རིས་པ་རེ་ཞེས་པ་ལྟར་ཐང་ག་འབྲི་བཞེངས་བྱེད་པ་ནི་ཡུལ་འདིའི་རྒྱུན་སྲོལ་དུ་གྱུར་ཡོད་དེ། དུད་ཚང་མང་པོའི་སྒོ་ཁར་རེབ་གོང་སྒྱུ་རྩལ་པ་ཚང་ཞེས་པའི་སྒོ་བྱང་བཀལ་འདུག་ལ། ཡུལ་དེའི་སྡེ་དམངས་ཁྲོད90%ཡིས་རེབ་གོང་སྒྱུ་རྩལ་གྱི་ལས་ཀ་གཉེར་བཞིན་ཡོད་པ་རེད།
ཡུལ་འདིའི་ཐང་ག་དང་འཇིམ་སྐུ་སོགས་སྒྱུ་རྩལ་ཐོན་རྫས་མང་པོ་ཞིག་རྒྱལ་ཁབ་ཕྱི་ནང་དུ་བྲིན་ཆེ་ལ། སྒྱུ་རྩལ་ཐོན་ལས་འདི་ལ་བརྟེན་ནས་་ཡུལ་དེ་གའི་དུད་ཚང་མང་པོའི་དཔལ་འབྱོར་ཆུ་ཚད་མངོན་སུམ་གྱིས་ཇེ་ལེགས་སུ་སོང་བར་མ་ཟད། རེབ་གོང་སྒྱུ་རྩལ་ཐོན་ལས་དེ་གཞི་རྒྱ་ཅན་ཏུ་འཕེལ་བཞིན་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com