གཙང་སྟོད་ཀྱི་རི་བོ་ཆེའི་གསེར་གྱི་མཆོད་རྟེན་ཆེན་མོ།
རི་བོ་ཆེའི་གསེར་གྱི་མཆོད་རྟེན་གྱི་མཚན་ལྗོངས།
རི་བོ་ཆེའི་གསེར་གྱི་མཆོད་རྟེན་དང་དགོན་རྙིང་།
བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་ངམ་རིང་རྫོང་རི་བོ་ཆེ་ནི་ཐང་སྟོང་རྒྱལ་པོ་ལགས་ཀྱི་འཁྲུངས་ཡུལ་ཡིན་ཞིང་། ཁོང་གིས་བཞེངས་པའི་མཆོད་རྟེན་དང་ལྕགས་ཟམ་དུས་ད་ལྟའི་བར་དུ་ཡུལ་དེར་བཞུགས་པ་དང་། བགྲང་བྱ་བདུན་བརྒྱ་ལ་ཉེ་བའི་ལོ་རྒྱུས་ལྡན། དེས་ཕག་གྲུ་སྲིད་དབང་སྐབས་ཀྱི་བོད་ཀྱི་བཟོ་རིག་ལོ་རྒྱུས་བྱུང་འཕེལ་དང་དུས་དེའི་མཛེས་དཔྱོད་ཀྱི་ལྟ་བ་སོགས་ཀུན་གྱིས་མཐོང་ལམ་དུ་མངོན།
རི་བོ་ཆེའི་གསེར་གྱི་མཆོད་རྟེན་དེ་རི་བོ་ཆེ་ཡུལ་ཚོའི་རི་བོ་ཆེ་སྡེ་བའི་ནུབ་ཕྱོགས་སུ་མངའ་བ་སྟེ། ལྷོ་ཡར་ཀླུང་གཙང་བོའི་བར་སྨི50དང་། བྱང་དུ་རི་བོ་ཆེའི་དགོན་རྙིང་མཆིས། རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི4260ལྷག་ཡོད། རི་བོ་ཆེའི་གསེར་གྱི་མཆོད་རྟེན་ནི་རི་བོ་ཆེ་དགོན་རྙིང་གི་གྲུབ་ཆ་ཞིག་ཡིན་པར་མ་ཟད། ལྷ་ཁང་དང་མཆོད་རྟེན་གྱི་བདག་ཉིད་གཅིག་པའི་བཟོ་བཀོད་ཁྱད་དུ་འཕགས་པ་ཞིག་ཡིན། མཆོད་རྟེན་འདིའི་དབྱིབས་དཀྱིལ་འཁོར་གྱི་རྣམ་པར་སྣང་བ་དང་། མཐོ་ཚད་ལ་བརྩེགས་མ་དྲུག་སྟེ་སྨི35ཡོད། མཆོད་རྟེན་གྱི་རྩེ་རུ་ཆོས་འཁོར་བཅུ་གསུམ་དང་། གདུགས། ཉི་ཟླ་སོགས་བཞེངས་འདུག མཆོད་རྟེན་གྱི་ནང་བར་སྟོང་དུ་གྲུབ་ཅིང་དེའི་རྩེ་བར་དུ་མཇལ་ཐུབ་ལ། རིམ་པ་སོ་སོའི་ལྡེབས་ངོས་སུ་དཀྱིལ་འཁོར་གཙོ་བྱས་པའི་ལྡེབས་རིས་བགྲང་ལས་འདས་པ་ཡོད་པ་དང་། དེའི་མཐའ་འཁོར་དུ་རྒྱ་གར་དང་བལ་བོའི་ལྡེབས་རིས་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྗེན་པའམ་ཡང་ན་སྐེད་དུ་སྐ་རགས་དབྱིབས“T”ཅན་དཔྱངས་འདུག་པའི་མི་སྣ་མང་པོ་བཞེངས་འདུག
རི་བོ་ཆེའི་གསེར་གྱི་མཆོད་རྟེན་ནང་ཁུལ་གྱི་ལྡེབས་རིས།
རི་བོ་ཆེའི་གསེར་གྱི་མཆོད་རྟེན་ནང་ཁུལ་གྱི་ལྡེབས་རིས།
རི་བོ་ཆེའི་གསེར་གྱི་མཆོད་རྟེན་ནང་ཁུལ་གྱི་ལྡེབས་རིས།
དགོན་སྡེ་དེའི་བཙུན་པས་མཚམས་སྦྱོར་བྱས་པ་ལྟར་ན་མཆོད་རྟེན་འདི་ནི་ཐང་སྟོང་རྒྱལ་པོ་དགུང་ལོ90སྟེང་ཇུས་འགོད་བྱས་ཏེ་ཕུལ་དུ་བྱུང་བའི་བཟོ་བོ་རྣམས་ཀྱིས་ལོ་ངོ་བཅུའི་ནང་དུ་བཞེངས་པར་བཤད། ངག་རྒྱུན་ལྟར་ན་རྒྱང་རྩེའི་བསོད་སྙོམས་ཞུ་བའི་བཙུན་པ་ཞིག་ཡུལ་འདིར་ཕེབས་ནས་མཆོད་རྟེན་འདིའི་བཟོ་བཀོད་དང་བརྗིད་ཆགས་པའི་རྣམ་པ་སོགས་ངོ་མཚར་ཆེ་བ་མཐོང་ནས་ཕྱིར་རང་ཡུལ་དུ་འདི་འདྲའི་མཆོད་རྟེན་ཞིག་བཞེངས་དགོས་པའི་བློ་ཐག་བཅད། དེ་མུར་ཁོང་གིས་ལ་ཕུག་ཅིག་ལ་མཆོད་རྟེན་འདིའི་བཟོ་བཀོད་ལྟར་བརྐོས་ནས་ཕྱིར་རང་ཡུལ་དུ་ཁྱེར་མོད། གཙང་སྟོད་ཀྱི་མཁའ་དབུགས་སོགས་ཀྱི་རྐྱེན་གྱིས་ལ་ཕུག་ལས་གྲུབ་པའི་བཟོ་དབྱིབས་ཅུང་འགྱུར་པས་བཟོ་བཀོད་སྟེང་རི་བོ་ཆེའི་གསེར་གྱི་མཆོད་རྟེན་དང་ཁྱད་པར་ཅུང་ཙམ་ཤོར་བ་ཡིན་ནོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com