མཚོ་སྔོན་པོ་སྐབས་དང་པོའི་ཁེར་གཉེར་མཐུན་ཚོགས་ཀྱི་ལུས་རྩལ་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-13 10:59:00 ཀློག་གྲངས།:


འགྲན་བསྡུར་ཡུལ་དངོས།

         ཟླ7པའི་ཚེས9ཉིན།  མཚོ་སྔོན་པོ་མཛེས་ལྗོངས་ཁུལ་བཟོ་ཚོང་ཡན་ལག་ཅུའུ་དང་ཁེར་གཉེར་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་དང་། གླང་ཆེན་མཆེ་བའི་བཟོ་ཚོང་ཁང་དང་ཁེར་གཉེར་ཁེ་ལས་ཡན་ལག་ཚོགས་པ་གཉིས་ཀྱིས་འགན་སྒྲུབ་གནང་བའི་ལུས་རྩལ་བྱ་འགུལ་དེ་མཚོ་སྔོན་པོའི་འགྲམ་གྱི་རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བའི་རུ་སྡེ་བརྒྱད་པར་གཟབ་རྒྱས་ངང་སྤེལ།

 
འགྲན་ཞུགས་རུ་ཁག       

         ཐེངས་འདིའི་ལུས་རྩལ་བྱ་འགུལ་བདེ་བླག་ངང་སྤེལ་བར།   གླང་ཆེན་མཆེ་བའི་བཟོ་ཚོང་ཁང་དང་ཁེར་གཉེར་མཐུན་ཚོགས་ཡན་ལག་ཚོགས་པ་གཉིས་ཀྱིས་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་བཙུགས་པ་དང་།  ཚོགས་འདུའི་ཤན་འབྱེད་པ་དང་ཞབས་ཞུ་མི་སྣ་རྣམས་ནི་གླང་ཆེན་མཆེ་བའི་བཟོ་ཚོང་ཁང་དང་མཐུན་ཚོགས་ཀྱི་ལས་སྒྲུབ་མི་སྣས་འགན་ཁུར་དགོས།  དེའི་མཚུངས་སུ་མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་གདན་འདྲེན་ཞུས་ཏེ་གོ་རིམ་ཡོངས་ཕབ་སྐྲུན་བྱས།


མདའ་འཕེན་བཞིན་པ།

         དུས་ཡུན་ཟླ་གཅིག་ལྷག་གི་སྟ་གོན་བརྒྱུད།  བྱ་འགུལ་དུ་མདའ་འཕེན་དང་། ཐག་འཐེན།  གླང་ཆེན་ས་གཤག  སྒྲོ་རྡེག    “སེམས་ཤུགས་གཅིག་སྒྲིལ”།  ཐག་ལྡིང་སོགས་སྲོལ་རྒྱུན་འགྲན་བསྡུར་རྣམ་གྲངས་བཀོད་སྒྲིག་ལེགས་པོ་བྱས་ཤིང་།   རིག་སྨོན་གྲོང་རྡལ་དང་། གླང་ཆེན་མཆེ་བ།  ཅང་སི།  རྟ་ནག་མ།  ཧྲིལ་ནག  བཟོ་ཚོང་སྡེ་ཁག་སོགས་ནས་ཡོང་བའི་བོད་རིགས་དང་། རྒྱ་རིགས། སོག་རིགས།  ས་ལར་རིགས།   ཧོར་རིགས་བཅས་མི་རིགས6གིས་གྲུབ་པའི་འགྲན་ཞུགས་རུ་ཁག6སྟེ་བསྡོམས་པས་འགྲན་ཞུགས་པ100ལྷག་ཐེངས་འདིའི་འགྲན་བསྡུར་དུ་ཞུགས།


གླང་ཆེན་ས་གཤག


རིག་རྩལ་འཁྲབ་སྟོན།

         ལུས་རྩལ་བྱ་འགུལ་འདིར་བྱ་དགའ་ཨང་དང་པོ་དང་གཉིས་པ་སྟེ་བསྡོམས་པས་བྱ་དགའི་རྣམ་གྲངས12འདུས་ཤིང་།  སོ་སོར་ཨང་དང་པོའམ་གཉིས་པ་བླངས་ན་བྱ་དགའ་གནང་བ་ཡིན།  ཛ་དྲག་གི་འགྲན་བསྡུར་བྱས་མཐར། ཅང་སིའི་འགྲན་ཞུགས་རུ་ཁག་ལ་མདའ་འཕེན་འགྲན་བསྡུར་གྱི་ཨང་དང་པོ་དང་། ཧྲིལ་ནག་འགྲན་ཞུགས་རུ་ཁག་ལ་ཨང་གཉིས་པ།  གླང་ཆེན་མཆེ་བའི་འགྲན་ཞུགས་རུ་ཁག་ལ་ཐག་འཐེན་འགྲན་བསྡུར་གྱི་ཨང་དང་པོ་དང་།  རིག་སྨོན་གྲོང་རྡལ་འགྲན་ཞུགས་རུ་ཁག་ལ་ཨང་གཉིས་པ།  དེ་མིན་རིག་སྨོན་གྲོང་རྡལ་འགྲན་ཞུགས་རུ་ཁག་ལ་གླང་ཆེན་ས་གཤག་འགྲན་བསྡུར་གྱི་ཨང་དང་པོ་དང་ཨང་གཉིས་པ་ཐོབ་ཅིང་།  གླང་ཆེན་མཆེ་བའི་འགྲན་ཞུགས་རུ་ཁག་ལ“སེམས་ཤུགས་གཅིག་སྒྲིལ”འགྲན་བསྡུར་གྱི་ཨང་དང་པོ་དང་། རིག་སྨོན་གྲོང་རྡལ་འགྲན་ཞུགས་རུ་ཁག་ལ“སེམས་ཤུགས་གཅིག་སྒྲིལ”འགྲན་བསྡུར་གྱི་ཨང་གཉིས་པ། ཅང་སིའི་འགྲན་ཞུགས་རུ་ཁག་ལ་ཐག་ལྡིང་འགྲན་བསྡུར་གྱི་ཨང་དང་པོ་དང་།  ཧྲིལ་ནག་འགྲན་ཞུགས་རུ་ཁག་ལ་ཐག་ལྡིང་འགྲན་བསྡུར་གྱི་ཨང་གཉིས་པ།  རིག་སྨོན་གྲོང་རྡལ་འགྲན་ཞུགས་རུ་ཁག་ལ་སྒྲོ་རྡེག་འགྲན་བསྡུར་གྱི་ཨང་དང་པོ་དང་། ཅང་སིའི་འགྲན་ཞུགས་རུ་ཁག་ལ་སྒྲོ་རྡེག་འགྲན་བསྡུར་གྱི་ཨང་གཉིས་པ་བཅས་ཐོབ། 


བྱ་དགའ་གནང་བ།

         དེར་མཐུད་དུ་འགྲན་ཞུགས་རུ་ཁག་སོ་སོས་གཞས་དང་།  རྡུང་ལེན། ནག་ཆུའི་སྐོར་བྲོ་སོགས་གླུ་གར་སྣ་ཚོགས་འཁྲབ་སྟོན་བྱས་ཏེ་དགའ་སྐྱིད་ཀྱི་དཔལ་ལས་བྱ་འགུལ་ཡོངས་སུ་མཇུག་སྒྲིལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།