《རྩེར་སྙེག》དུས་དེབ་སྤེལ་ནས་ལོ་འཁོར30ལོན་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-23 11:04:00 ཀློག་གྲངས།:
  ཟླ7པའི་ཚེས20ཉིན། 《རྩེར་སྙེག》དུས་དེབ་སྤེལ་ནས་ལོ་འཁོར30ལོན་པའི་བཞུགས་མོལ་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭར་བསྡུས་པ་རེད། ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་དང་། ཏང་གི་སློབ་གྲྭ། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་། ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་སྡེ་ཁག  རྩོམ་པ་པོ་སོགས་མི40ལྷག་ཞུགས་ཡོད་པ་རེད།
  《རྩེར་སྙེག》དུས་དེབ་ཀྱི་བོད་ཡིག་པར་གཞི་ནི་རྒྱ་ཡིག་པར་གཞི་དང་དུས་མཉམ་སྟེ1982ལོར་བསྐྲུན་པ་ཡིན་ཅིང་། གཞུང་ལུགས་སློབ་སྦྱོང་དང་། མི་རིགས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། བོད་རིག་པ་ཞིབ་འཇུག་སོགས་ལེ་ཚན་དུ་མར་དགར་ཡོད། མིག་སྔའི་བར་དུ་བོད་རྒྱ་པར་གཞི་གཉིས་ཀྱིས་དེབ་འབུམ6ལ་ཉེ་བ་འགྲེམ་སྤེལ་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།