འཆམ་མཐུན་ཡིད་འོང་གི་བོད་ལྗོངས་ཞེས་པའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་འཇར་མན་པོའོ་ལིན་དུ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-26 09:43:00 ཀློག་གྲངས།:


འཆམ་མཐུན་ཡིད་འོང་གི་བོད་ལྗོངས་ཞེས་པའི་སྒྱུ་རྩལ་བརྩམས་
ཆོས་འགྲེམ་སྟོན་འཇར་མན་པོའོ་ལིན་དུ་སྤེལ་བ།

         ཟླ7པའི་ཚེས25ཉིན་གྱི་ཕྱི་དྲོ།  ཀྲུང་གོའི་ཕྱིར་ལོག་བྱེས་སྡོད་སྤུན་ཟླའི་མཉམ་འབྲེལ་ཚོགས་པ་དང་།  ཀྲུང་གོའི་བོད་ལྗོངས་དྲ་བ།  ཧྲང་ཧེ་གྲོང་ཁྱེར་གྱི་ཕྱིར་ལོག་བྱེས་སྡོད་སྤུན་ཟླའི་མཉམ་འབྲེལ་ཚོགས་པ། ཧྲང་ཧེ་གྲོང་ཁྱེར་གྱི་ཕྱིར་ལོག་བྱེས་སྡོད་སྤུན་ཟླའི་ཐེབས་རྩ་ཚོགས་པ། དེ་མིན་ཀྲུང་སྡོད་འཇར་མན་གཞུང་ཚབ་ཁང་སོགས་ལས་ཁུངས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་བའི་འཆམ་མཐུན་ཡིད་འོང་གི་བོད་ལྗོངས་ཞེས་པའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་གྱི་བྱེད་སྒོ་དེ་འཇར་མན་པོའོ་ལིན་དུ་སྤེལ་ཞིང་། གསོན་ཉམས་ལྡན་པའི་སྒོ་ནས་བོད་ལྗོངས་ཀྱི་རང་བྱུང་མཛེས་ལྗོངས་དང་མི་དམངས་ཀྱི་འཚོ་བ་བརྗོད་པ་ཡིན། འཇར་མན་དུ་སྡོད་པའི་ཀྲུང་གོའི་སྐུ་ཚབ་པས་གཞུང་ཚབ་ཁང་དུ་སྣེ་ལེན་ཚོགས་འདུ་བསྡུས་ཏེ་འགྲེམ་སྟོན་བདེ་བླག་ངང་སྤེལ་བར་རྟེན་འབྲེལ་ཞུས།
         རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་དུ་ཀྲུང་གོའི་དེང་རབས་སྒྱུ་རྩལ་པའི་བོད་འབྲེལ་བརྩམས་ཆོས115ལྷག་འགྲེམ་སྟོན་བྱས་ཤིང་། དེར་སྤྱི་ཚོགས་དང་དཔལ་འབྱོར། ཁོར་ཡུག་སྲུང་སྐྱོབ།  དམངས་འཚོ།  ཆོས་ལུགས་སོགས་བརྗོད་དོན་སྣ་མང་འདུས་པ་དང་། བོད་ལྗོངས་ཀྱི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གི་མཛེས་སྡུག་བརྗོད་པ་མ་ཟད་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་དང་འཆམ་མཐུན་གྱི་མཛེས་པའང་མཚོན་པར་བྱས་ཡོད། ཟླ་གཅིག་རིང་གི་དུས་ཡུན་བེད་སྤྱད་དེ་འགྲེམ་སྟོན་བྱེད་པ་ཡིན།
         ཐེངས་འདིའི་འགྲེམ་སྟོན་ལས་ཀྲུང་གོ་དང་འཇར་མན་གྱི་མཛེས་རྩལ་ཆེད་ལས་མི་སྣའམ། མཛེས་རྩལ་ལ་དུངས་མཁན་ཚོར་ཕན་ཚུན་འབྲེལ་འདྲིས་བྱེད་པའི་སྟེགས་བུ་ཞིག་བསྐྲུན་པ་དང་། བོད་ཀྱི་མི་རིགས་དང་སྒོས་སུ་བོད་ལྗོངས་མཛེས་རྩལ་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།