གཡུང་དྲུང་རྒྱལ་དང་དབང་མོ་གཉིས་ཀྱིས《རང་བྱུང་བརྩེ་གླུ》བླངས་ཏེ་ཡུལ་དངོས་ལ་སྤྲོ་བ་ཆེན་པོ་བསྐྱེད།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-31 10:39:00 ཀློག་གྲངས།:

གཡུང་དྲུང་རྒྱལ་དང་དབང་མོ་གཉིས་ཀྱིས《རང་བྱུང་བརྩེ་གླུ》བླངས་ཏེ་ཡུལ་དངོས་ལ་སྤྲོ་བ་ཆེན་པོ་བསྐྱེད།
གཡུང་དྲུང་རྒྱལ་དང་དབང་མོ་གཉིས་ཀྱིས《རང་བྱུང་བརྩེ་གླུ》
བླངས་ཏེ་ཡུལ་དངོས་ལ་སྤྲོ་བ་ཆེན་པོ་བསྐྱེད།

         ཉེ་ཆར།  མིང་དུ་གྲགས་པའི་བོད་རིགས་གླུ་བ་གཡུང་དྲུང་རྒྱལ་དང2009ལོའི་སྐར་འོད་ལམ་གྱི་གདོང་ལེན་པ་གླུ་མ་དབང་མོ་གཉིས་ཀན་སུའུ་ཕུན་ལང་དུ་ཕྱིན་ཏེ“2012ལོའི་ཡིད་འོང་ཕུན་ལང་གླུ་གཞས་དགོང་ཚོགས་ཆེན་མོ”རུ་ཞུགས་ཏེ་ལྷན་གྱིས《རང་བྱུང་བརྩེ་གླུ》ཞེས་པའི་གླུ་གཞས་བླངས་ཏེ་ཡུལ་དངོས་ལ་སྤྲོ་བ་ཆེན་པོ་བསྐྱེད་བྱུང་།
         དགོང་ཚོགས་འདིར་གླུ་བ་གཡུང་དྲུང་རྒྱལ་གྱིས་སྤྲོ་བ་དང་ཉམས་འགྱུར་དོད་པོའི་ངང་དབུགས་ཐང་གཅིག་གིས་གླུ་གཞས《མཚར་སྡུག་ལྡན་པའི་གཟི་ཚ་སྡེ་དགུ》དང《རྫི་གླུ》། 《མཐོ་སྒང་གི་མཁུར་ཚོས་དམར་པོ》སོགས་གཅིག་རྗེས་གཉིས་མཐུད་ཀྱིས་བླངས་ཏེ་དགོང་ཚོགས་ཡོངས་སུ་གཡོ་བར་བྱས།  གངས་ལྗོངས་སྲས་མོ་དབང་མོས་རང་ཉིད་ཀྱི་ཆེད་བསྒྲིག་གསར་བའི་གླུ་གཞས《རྩྭ་ཐང་ཆེན་མོའི་གཞས་ཕྲན》ཞེས་པ་བླངས། 
         རྒྱུས་ལོན་པ་ལྟར་ན།  《རྩྭ་ཐང་ཆེན་མོའི་གཞས་ཕྲན》ཞེས་པའི་གཞས་འདི་ལ་མང་ཚོགས་ཀྱི་དགའ་བསུ་མི་དམན་པ་ཐོབ་ཀྱི་ཡོད་ཅིང་།  འགྲེམ་སྤེལ་བྱེད་ལ་ཉེ་བའི་ཆེད་བསྒྲིགས་གླེང་དུས་དབང་མོས་བཤད་རྒྱུར། དགེ་རྒན་གཡུང་དྲུང་རྒྱལ་གྱིས་ཐེངས་འདིར་རང་ཉིད་ལ་ཁྲིད་སྟོན་ཆེན་པོ་གནང་ཡོད་པ་དང་། ཆེད་བསྒྲིགས་ཡོངས་སུ་ཏག་ཏག་རང་ཉིད་ལོ་གཅིག་གི་ངལ་བ་དང་བརྩོན་འགྲོས་མི་ཉུང་བསྐྱེད་ལ། མི་རིགས་དང་དེང་རབས་གླུ་གཞས་མཐུན་སྦྱོར་བྱེད་པའི་བསམ་གཞིག་དང་གསར་གཏོད་ཀྱི་ཐད་ནས་གཞས་དུངས་གྲོགས་པོ་རྣམས་ལ་ཚོར་སྣང་གསར་བ་ཞིག་སྦྱིན་ཏེ་སྤྲོ་སེམས་འཁོལ་བའི་དགའ་བསུ་བྱེད་པར་སྨོན་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།