ལུ་གུ་རྒྱལ་གྱི་གཞས་ཚོགས་འོད་སྡེར《རྨ་ཁུག་མཛོད་དགེ་ཉིན་མའི་གཉེན་སྟོན》འགྲེམ་སྤེལ་བྱས་པ།
ལུ་གུ་རྒྱལ་གྱི་གཞས་ཚོགས་འོད་སྡེར《རྨ་ཁུག་མཛོད་དགེ་ཉིན་མའི་གཉེན་སྟོན》འགྲེམ་སྤེལ་བྱས་པ།
ལུ་གུ་རྒྱལ་གྱི་གཞས་ཚོགས་འོད་སྡེར《རྨ་ཁུག་མཛོད་དགེ་ཉིན་མའི་གཉེན་སྟོན》ཞེས་པའི་མཛེས་རིས་ཁག་ཅིག
ཉེ་ཆར་བོད་ཀྱི་གླུ་བ་གྲགས་ཅན་ལུ་གུ་རྒྱལ་ལགས་ཀྱིས་གཙོ་ལེན་དང་གཙོ་སྒྲིག་བྱས་ཐོག གླུ་བ་སུམ་ཅུ་ལྷག་གིས་བླངས་པའི་གཉུག་གནས་ལ་གཞས་གཅེས་བསྡུས་འོད་སྡེར་ཏེ《རྨ་ཁུག་མཛོད་དགེ་ཉིན་མའི་གཉེན་སྟོན》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད།
གླུ་བ་ལུ་གུ་རྒྱལ་ལགས་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཉིན་མ་ཡུལ་ཚོ་ནས་འཚར་ལོངས་བྱུང་བ་དང་། ཁོང་ལ་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་ལྡན་ཞིང་ཆུང་དུས་ནས་གླུ་གཞས་ལེན་པར་སྤྲོ་བ་རེད། ལོ་ཉེར་གསུམ་གྱི་སྟེང《ཨ་ཞང་ལོ་ལོ》ཞེས་པར་བརྟེན་ནས་རྒྱལ་ཡོངས་ཀྱི་དམངས་ཁྲོད་གླུ་གཞས་དང་ཞབས་བྲོའི་འཁྲབ་སྟོན་ཁྲོད་གཞས་འབྲུ་དང་གདངས་དབྱངས་གསར་རྩོམ་གྱི་བྱ་དགའ་ཨང་དང་པོ་བླངས་ཤིང་། སྔ་གཞུག་ཏུ《བཀྲ་ཤིས་པའི་ཁ་བཏགས》དང་། 《ཨ་ཞང་ལོ་ལོ》། 《རྩྭ་ཐང་གི་སྙན་གླུ》སོགས་འོད་སྡེར་མང་པོ་འགྲེམ་སྤེལ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་བོད་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།
ལུ་གུ་རྒྱལ་ལགས་གཙོ་བྱས་ནས་བླངས་པའི་ལ་གཞས་གཅེས་བསྡུས་འདིས་རྨ་སྟོད་ཕྱོགས་སུ་འཚོ་བའི་རྨ་ཆུ་བོད་རིགས་ཀྱི་གཉེན་སྟོན་སྲོལ་ལུགས་ཡོངས་ཀུན་གྱི་མཐོང་ལམ་དུ་མངོན་ཞིང་། གཉེན་སྟོན་གྱི་གཉུག་གནས་གླུ་གཞས་དེ་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཁར། རང་བྱུང་ཁོར་ཡུག་གི་ཁྲོད་དེང་རབས་ཀྱི་ཤེས་རིག་དང་གཙོ་གྲུབ་རིག་གནས་ཀྱི་ཤུགས་རྐྱེན་མ་ཐེབས་པར་རྒྱུན་འཛིན་བྱས་པའི་གླུ་གཞས་ཀྱི་སོར་གནས་རྣམ་པ་ཞིག་ཡིན། དེའི་དངོས་གནས་རང་བཞིན་དང་། ཡུལ་ཁོངས་རང་བཞིན། འབྱུང་རྩ་རང་བཞིན། འཁྲབ་སྟོན་རང་བཞིན་བཅས་ཀྱིས་གཉེན་སྟོན་གླུ་གཞས་ལ་ཉམས་མེད་ཀྱི་སྒྱུ་རྩལ་གྱི་གཟི་དཔལ་དང་བསྡུ་ཉར་རིན་ཐང་ཞིག་བསྣན་པ་རེད།
ལུ་གུ་རྒྱལ་གྱི་གཞས་ཚོགས་འོད་སྡེར《རྨ་ཁུག་མཛོད་དགེ་ཉིན་མའི་གཉེན་སྟོན》ཞེས་པ་ཕབ་སྐྲུན་བྱེད་བཞིན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com