ཕོ་བྲང་པོ་ཏ་ལའི་འདབས་ནས“ཇོ་མོ་གླང་མར”གཟིགས་པ།
བོད་ལྗོངས་ཇོ་མོ་གླང་མའི་བརྙན་རིས་འགྲེམ་སྟོན་སྐབས་ལྔ་བ་ལྷ་ས་གྲོང་ཁྱེར་པོ་ཏ་ལའི་ཐང་ཆེན་ནས་སྤེལ་བ།
ཟླ8པའི་ཚེས1ཉིན། ཀྲུང་གོའི་བོད་ལྗོངས་ཇོ་མོ་གླང་མའི་བརྙན་རིས་འགྲེམ་སྟོན་སྐབས་ལྔ་བ་ལྷ་ས་གྲོང་ཁྱེར་པོ་ཏ་ལའི་ཐང་ཆེན་ནས་སྤེལ་བ་རེད། ཐེངས་འདིའི་བརྙན་རིས་འགྲེམ་སྟོན་གྱིས“མཛེས་པའི་བོད་ལྗོངས། འཆམ་མཐུན་གྱི་དུས་བཟང”ཞེས་པ་བརྗོད་གཞིར་བྱས་ནས་བརྩམས་ཆོས500ལྷག་འགྲེམ་སྟོན་ལ་ཞུགས་ཤིང་། འདི་ནི་གཞི་རྒྱ་ཆེས་ཆེ་བའི་འགྲེམ་ཐེངས་ཤིག་ཡིན་པ་རེད།
འགྲེམ་སྟོན་སྟེང་གི་བརྩམས་ཆོས《མཐོ་སྒང་གི་ལུག་ཁྱུ》
མང་ཚོགས་ཀྱིས་འགྲེམ་སྟོན་སྟེང་ཞུགས་པའི་བརྩམས་ཆོས་ལ་གཟིགས་བཞིན་པ།
འགྲེམ་སྟོན་ཁྲོད་ཞུགས་པའི་བརྙན་རིས་བརྩམས་ཆོས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་། པར་མཁན་རྣམས་ཀྱིས་ཕྱོགས་མི་འདྲ་བའི་ངོས་ནས་བོད་ལྗོངས་ཀྱི་ཁྱད་དུ་འཕགས་པའི་རང་བྱུང་མཛེས་ལྗོངས་དང་། ལྐོག་གྱུར་གྱི་དམངས་སྲོལ་ཁྱད་ཆོས། བོད་ལྗོངས་ཀྱི་འཕེལ་རྒྱས་སོགས་བརྙན་རིས་ཐོག་བཀོད་འདུག་པས། ལྟད་མོ་བ་རྣམས་ལ་མིག་གི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་འདོན་སྤྲོད་བྱས་པ་རེད།
རྒྱུས་ལོན་པ་ལྟར་ན་ཐེངས་འདིའི་འགྲེམ་སྟོན་ནི་ཀྲུང་གོའི་བརྙན་རིས་པ་མཐུན་ཚོགས་དང་བོད་ལྗོངས་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱིས་གཙོ་སྒྲུབ་བྱས་པ་ཡིན་ལ། འགྲེམ་སྟོན་དེ་ཟླ8པའི་ཚེས1ནས་བཟུང་ཉིན་དྲུག་རིང་དུ་རིན་མི་ལེན་པར་ཕྱི་ཕྱོགས་སུ་འགྲེམ་སྟོན་བྱེད་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com