པདྨ་མཚེའུ་འགྲམ་གྱི་སྐུ་འབུམ་བོད་ཀྱི་རིག་གནས་ཁང་།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-08-05 12:11:00 ཀློག་གྲངས།:


སྐུ་འབུམ་བོད་ཀྱི་རིག་གནས་ཁང་།
青海藏文化馆
འཇིག་རྟེན་གྱི་ཆགས་ཚུལ།

              སྐུ་འབུམ་བོད་ཀྱི་རིག་གནས་ཁང་ནི་མཚོ་སྔོན་ཞིང་ཆེན་ཙོང་ཁ་རྫོང་དུ་མངའ་ཞིང་། དགེ་ལུགས་པའི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་ཏེ་སྐུ་འབུམ་བྱམས་པ་གླིང་དང་སྤྱི་ལེ་གཉིས་ཡོད་པའི་མཚམས་སུ་བསྐྲུན་འདུག  
              སྐུ་འབུམ་བོད་ཀྱི་རིག་གནས་ཁང་གི་སའི་རྒྱ་ཁྱོན་ལ་མུའུ30ལྷག་ཡོད་པ་དང་། དེ་ལས་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི1ཡོད་པ་རེད། རིག་གནས་ཁང་དེ་རུ་འགྲེམ་སྟོན་ཁང་གཉིས་སུ་ཡོད་པ་སྟེ། འགྲེམ་སྟོན་ཁང་དང་པོ་ལ་ཁང་བརྩེགས་གཉིས་ཡོད་ཅིང་། གཅིག་ཐོག་སྟེང་བོད་ཀྱི་ལོ་རྒྱུས་འཕེལ་རིམ་ངོ་སྤྲོད་བྱེད་པ་དང་། ཉིས་ཐོག་སྟེང་བོད་བརྒྱུད་ནང་བསྟན་དང་། ཐང་ག  ཡི་གེ།  ལེགས་བཤད། རྒྱན་ཆས། སྐུ་འབུམ་དགོན་གྱི་སྒྱུ་རྩལ་མཆོག་གསུམ་སོགས་བོད་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་བྱེད་བཞིན་ཡོད། འགྲེམ་སྟོན་ཁང་གཉིས་པ་རུ་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་འཇིག་རྟེན་གྱི་ལྟ་བ་དང་སྐྱེ་འཆིའི་ལྟ་བ་སོགས་མཚམས་སྦྱོར་བྱེད་བཞིན་ཡོད་པ་རེད།


དགེ་ལུགས་པའི་དགོན་ཆེན་དྲུག་གི་བཀོད་པའི་བྱེ་གཞོང་ཆེན་མོ།
འཆམ་རྒྱག་བྱེད་ཀྱི་གྱོན་ཆས་དང་ཞལ་འབག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།