བོད་ལྗོངས་མཚོ་སྨད་གྲི་གུའི་དབྱར་སྐྱིད་དུས་ཆེན་གྲི་གུའི་མཚོ་འགྲམ་དུ་སྤེལ་བ།
མཚོ་སྨད་གྲི་གུའི་དབྱར་སྐྱིད་དུས་ཆེན་དེ་གྲི་གུའི་མཚོ་འགྲམ་དུ་སྤེལ་མགོ་བརྩམས།
ཟླ8པའི་ཚེས25ཉིན། དུས་ཡུན་ཉིན་ལྔའི་བོད་ལྗོངས་མཚོ་སྨད་གྲི་གུའི་དབྱར་སྐྱིད་དུས་ཆེན་དེ་གྲི་གུའི་མཚོ་འགྲམ་དུ་སྤེལ་ཞིང་། རིག་རྩལ་འཁྲབ་སྟོན་དང་རྟ་རྒྱུག་འགྲན་བསྡུར། སྐོར་བྲོའི་དགོང་ཚོགས་སོགས་བྱ་འགུལ་སྣ་ཚོགས་མཚོ་ངོས་ལ་མཐོ་ཚད་སྨི4640ཅན་གྱི་གྲི་གུའི་རྩྭ་ཐང་དུ་སྤེལ་རྒྱུ་ཡིན་པ་རེད།
རིག་རྩལ་འཁྲབ་སྟོན།
གྱོན་ཆས་ངོམ་པ།
བཤད་སྒྲོས་སུ་གྲི་གུའི་དབྱར་སྐྱིད་དུས་ཆེན་ནི་སྔོན་འབྲོག་པ་རྣམས་ཀྱིས་དབྱར་དུས་སུ་ཕྱུགས་ཟོག་དག་རྩྭ་ཆུ་འཛོམས་པའི་གནས་སུ་འཚོ་བཅོས་ལེགས་པོ་བྱེད་པར་གནས་སྐབས་སུ་ཁྱིམ་དང་ཁ་གྱེས་པ་ཡིན་ལ། སྟོན་ཁ་སླེབས་རྗེས་ཤ་ཤེད་རྒྱས་པའི་ཕྱུགས་ཟོག་དག་དེད་ཅིང་མར་དང་ཕྱུར་བ་སོགས་ཁལ་བཀལ་ཏེ་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན་ལ། ཁོང་ཚོས་ཁྱིམ་མི་མཉམ་འཛོམས་ཀྱི་དགའ་སྤྲོའི་དཔལ་ལ་རོལ་བར་ཆེད་དུ་ཉི་བཟང་སྐལ་བཟང་གི་དུས་ཤིག་གཏན་འཁེལ་བྱས་ཏེ་ལུས་ལ་མི་རིགས་ཀྱི་གཟབ་མཆོར་སྤྲས་ཤིང་། རྩྭ་ཐང་དུ་སྦྲ་ནག་ཕུབ་སྟེ་ཞིམ་མངར་གྱི་ཟབ་རིགས་སྣ་ཚོགས་དང་ཇ་ཆང་གི་དཔལ་སྟོན་ལ་རོལ་བ་ཡིན།
གྲི་གུའི་རྩྭ་ཐང་དུ་ཕུབ་པའི་སྦྲ་ནག
དེ་ཡང་སྲོལ་རྒྱུན་གྱི་དུས་ཆེན་འདི་ལེགས་སྲུང་དང་གཞི་རྒྱ་ཆེར་བསྐྱེད། སྐྱེ་ཁམས་གནས་སྐོར་མཚན་བྱང་གི་དུས་སྟོན་གསར་སྐྲུན་བྱེད་པར། 2009ལོ་ནས་བཟུང་བོད་ལྗོངས་ལྷོ་ཁ་ས་ཁུལ་མཚོ་སྨད་རྫོང་གིས་ཕྱི་ཕྱོགས་ལ་མཚོ་སྨད་གྲི་གུའི་དབྱར་སྐྱིད་དུས་ཆེན་ཁྱབ་སྒྲོག་བྱེད་མགོ་བརྩམས་ཤིང་། དུས་ཆེན་འདིའི་སྐབས་སུ་འབྲོག་ཁུལ་གྱི་ཁྱད་འཕགས་ཐོན་རྫས་འགྲེམ་ཚོང་དང་། གྱོན་ཆས་འཁྲབ་སྟོན། རྟ་རྒྱུག་འགྲན་བསྡུར། གླང་ཆེན་ས་གཤག་སོགས་རིག་རྩལ་སྣ་ཚོགས་དང་མང་ཚོགས་ལུས་རྩལ་འགྲན་བསྡུར་སོགས་སྤེལ་བ་ཡིན་ལ། མཚན་གྱི་སྐོར་བྲོའི་དགོང་ཚོགས་ཀྱིས་གྲི་གུའི་རྩྭ་ཐང་ལ་ལྷག་ཏུ་མཛེས་སྡུག་ལྡན་པའི་ཁ་དབུགས་ཤིག་སྩོལ་བ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com