མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི《བཅའ་ཁྲིམས་ཤེས་བྱའི་ཀློག་དེབ》བསྒྱུར་སྒྲིག་བྱས་ཚར་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-10 11:42:00 ཀློག་གྲངས།:

学生法律知识读本
《བཅའ་ཁྲིམས་ཤེས་བྱའི་ཀློག་དེབ》 

  སློབ་རའི་བདེ་འཇགས་བྱ་བ་ལེགས་པོར་སྤེལ་བ་དང་། རིགས་སོ་སོའི་འགལ་བ་དང་རྩོད་པ་སེལ་བ།  དེ་མིན་རྒྱ་ཆེའི་སློབ་མ་རྣམས་ཀྱི་ཁྲིམས་ལུགས་ཀྱི་འདུ་ཤེས་མཐོ་རུ་བཏགས་ཏེ་ཁོང་ཚོས་ཁྲིམས་སློབ་པ་དང་། ཁྲིམས་རྟོགས་པ། ཁྲིམས་སྲུང་བ་དང་མཉམ་དུ། ཁྲིམས་ལུགས་ལ་བརྟེན་ནས་ཁོང་ཚོ་དང་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཐུབ་པར་མ་ཟད། ཁོང་ཚོའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་ཡང་དག་པ་ཞིག་གྲུབ་དུ་འཇུག་པར་དམིགས་ནས《བཅའ་ཁྲིམས་ཤེས་བྱའི་ཀློག་དེབ》བསྒྱུར་སྒྲིག་བྱེད་པའི་བྱ་བ་དེ2012ལོའི་ཟླ5བ་ནས་བཟུང་འགོ་བརྩམས་ཤིང་། ཟླ9བའི་ཚེས1ཉིན་བསྒྱུར་དཔར་བྱས་ཚར་ནས་སློབ་མ་ཡོངས་ལ་བྱིན་པ་རེད།
  《ཀློག་དེབ》འདིས་སློབ་གྲྭ་དེ་གར་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བསླབ་དེབ་མེད་པའི་སྟོངས་ཆ་བསྐངས་པར་མ་ཟད། ཁྲིམས་ལུགས་སློབ་གསོ་དྲིལ་སྒྲོག་གི་ཡིག་ཆ་ཕུན་སུམ་ཚོགས་པར་བཏང་ནས་སློབ་མ་རྣམས་ཀྱིས་ཁྲིམས་སློབ་པ་དང་ཁྲིམས་སྒྲོག་པར་རྨང་བཏིངས་པ་རེད།
  《ཀློག་དེབ》འདི་ལ་བསྡོམས་པས་ཤོག་ངོས114དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་པར་གཞི་ཡོད་ཅིང་། དེ་ནི་སློབ་མ་རྣམས་ཀྱིས་ཁྲིམས་ལུགས་རྒྱུན་ཤེས་ལ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པའི་ཀློག་དེབ་ཅིག་ཡིན་པའི་ཁར། ཁོང་ཚོའི་ཕ་མ་དང་ལྟ་སྐྱོང་བ་རྣམས་ཀྱིས་ལོ་ན་མ་སོན་པའི་བུ་ཕྲུག་རྣམས་ཀྱི་གནད་དོན་ཁག་རྒྱུས་ལོན་དང་ཐག་གཅོད་བྱེད་པར་སློབ་སྟོན་བྱེད་པའི་དཔེ་དེབ་ཅིག་ཀྱང་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།