《དྭངས་པའི་མིག་ཟུང》ཞེས་པའི་བརྩམས་ཆོས་ལ་གསེར་གྱི་རྟགས་མ་ཐོབ་པ།
གསེར་གྱི་རྟགས་མ་ཐོབ་མཁན་གྱི་བརྩམས་ཆོས《དྭངས་པའི་མིག་ཟུང》།
དངུལ་གྱི་རྟགས་མ་ཐོབ་མཁན་གྱི་བརྩམས་ཆོས《ནས་འཕྱར་བ》།
ཟླ10བའི་ཚེས15ཉིན་བོད་ལྗོངས་བག་ཆགས་ཞེས་པའི་པར་རིས་བརྩམས་ཆོས་འགྲན་སྡུར་སྐབས་དང་པོའི་ཁྲོད་བདམས་པའི་ཕུལ་དུ་བྱུང་བའི་བརྩམས་ཆོས250ལྷག་པེ་ཅིང་གི་རྒྱལ་ཁབ་ཟློས་གར་ཁང་དུ་འགྲེམ་སྟོན་བྱས་ཤིང་། ཐེངས་འདིའི་འགྲན་སྡུར་ཁྲོད་པར་མཁན་ཀུའོ་ཕིན་ལགས་ཀྱི་བརྩམས་ཆོས《དྭངས་པའི་མིག་ཟུང》ཞེས་པར་གསེར་གྱི་རྟགས་མ་ཐོབ་པ་དང་། པར་མཁན་ལཱིག་ཡེ་ལགས་ཀྱི་བརྩམས་ཆོས《ནས་འཕྱར་བ》ཞེས་པར་དངུལ་གྱི་རྟགས་མ་ཐོབ་པ་རེད།
《དྭངས་པའི་མིག་ཟུང》ཞེས་པའི་བརྩམས་ཆོས་དེ་ནི་ཀུའོ་ཕིན་ལགས་ཀྱིས2006ལོའི་ཟླ5བར་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་སྤོ་མོས་རྫོང་དུ་བླངས་པ་ཡིན་ཞིང་། བརྩམས་ཆོས་འདིས་མི་སྣའི་སེམས་ཁམས་གཙོར་བཟུང་སྟེ་བུ་མོ་ཆུང་ཆུང་དེ་འཚོ་བར་ཡིད་ཚིམས་ཤིང་སྤྲོ་བའི་བསམ་པ་དང་། མི་རབས་གསར་བའི་ལྷད་མེད་དང་ཡར་བརྩོན་གྱི་མིག་མདངས་དེ་མངོན་མཚོན་བྱས་འདུག ཁོ་མོས་བཤད་རྒྱུར། བོད་ལྗོངས་ནི་པར་མཁན་རྣམས་ཀྱི་ལྷ་ཡུལ་ལྟ་བུ་ཡིན་པས་ཐེངས་འདིའི་པར་རིས་བརྩམས་ཆོས་འགྲན་སྡུར་གྱིས་རྒྱལ་ནང་གྱི་བོད་ལྗོངས་བརྗོད་བྱར་བྱས་པའི་པར་རིས་ལ་ཤན་ཤུགས་ཆེན་པོ་ཞིག་ཐེབས་ངེས་པ་དང་། སང་ལོ་ཡང་བོད་ལྗོངས་སུ་སོང་ནས་སློབ་གསོ་དང་འཕེལ་རྒྱས་སོགས་བརྗོད་བྱར་བྱས་པའི་བརྩམས་ཆོས་མང་པོ་ལེན་རྒྱུའི་འཆར་གཞི་ཡོད་ཅེས་བརྗོད་པ་རེད།
པར་མཁན་ཀུའོ་ཕིན་ལགས་དང་མོའི་བརྩམས་ཆོས《དྭངས་པའི་མིག་ཟུང》།
པར་མཁན་ལཱིག་ཡེ་ལགས་དང་ཁོའི་བརྩམས་ཆོས《ནས་འཕྱར་བ》།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com