མཚོ་ལྷོའི་མང་རྫོང་གི་བོད་ཀྱི་གཙགས་དྲུབས་ལག་རྩལ་གྱི་ཟབ་སྦྱོང་འཛིན་གྲྭ་འགོ་ཚུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-20 11:20:00 ཀློག་གྲངས།:

              ཟླ10བའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་དུ་བོད་ཀྱི་གཙགས་དྲུབས་ལག་རྩལ་གྱི་ཟབ་སྦྱོང་འཛིན་གྲྭའི་འགོ་རྩོམ་མཛད་སྒོ་བསྡུས་ཤིང་། བོད་ཀྱི་གཙགས་དྲུབས་བཟོ་རྩལ་གྱི་ཆུ་ཚད་མཐོར་འདེགས་དང་ཚོང་ལམ་རྒྱ་བསྐྱེད་པར་དམིགས་ནས་མང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ་ཟླ་གཅིག་རིང་དུ་མང་རྫོང་མང་ར་གྲོང་རྡལ་དུ་བོད་ཀྱི་གཙགས་དྲུབས་ལག་རྩལ་གྱི་ཟབ་སྦྱོང་སྤེལ་རྒྱུ་ཡིན་པ་དང་། ཐེངས་འདིའི་ཟབ་སྦྱོང་སྟེང་ཅཱང་སུའུ་ཞིང་ཆེན་སུའུ་ཀྲིག་གྲོང་ཁྱེར་གྱི་གཙགས་དྲུབས་སྒྱུ་རྩལ་ལ་མཁས་པའི་དགེ་རྒན་གཉིས་གདན་འདྲེན་བྱས་ཡོད་པ་རེད། 
              མཛད་སྒོའི་སྟེང་ཞུགས་པའི་སློབ་མ་རྣམས་ཀྱིས་བཤད་རྒྱུར། ཁོང་ཚོས་ཐེངས་འདིའི་གོ་སྐབས་བཟང་བོ་སྤྱད་ནས་བོད་ཀྱི་གཙགས་དྲུབས་ཀྱི་བཟོ་རྩལ་དང་ཆུ་ཚད་མཐོར་འདེགས་བྱས་ཏེ་རང་ནུས་ཅི་ལྕོགས་སྒོས་མང་རྫོང་གི་བོད་ཀྱི་གཙགས་དྲུབས་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ལ་ནུས་པ་འདོན་རྒྱུ་ཡིན་ཞེས་བསྟན་པ་དང་། དགེ་རྒན་རྣམ་གཉིས་ཀྱིས་ཀྱང་སོ་སོའི་ལག་རྩལ་སློབ་མ་རྣམས་ལ་ཁྲིད་དེ་ཟབ་སྦྱོང་བདེ་བླག་ངང་སྤེལ་རྒྱུའི་བསམ་ཚུལ་བརྗོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།