དབྱངས་རྩོམ་མཁན་སྨོན་ལམ་རྡོ་རྗེ《སྒྱུ་རྩལ་གྱི་མི་ཚེ》ཞེས་པར་གདན་ཞུ་བྱ་རྒྱུ་ཡིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-26 10:18:00 ཀློག་གྲངས།:

དབྱངས་རྩོམ་མཁན་སྨོན་ལམ་རྡོ་རྗེ《སྒྱུ་རྩལ་གྱི་མི་ཚེ》ཞེས་པར་གདན་ཞུ་བྱ་རྒྱུ་ཡིན་པ།
དབྱངས་རྩོམ་མཁན་སྨོན་ལམ་རྡོ་རྗེ《སྒྱུ་རྩལ་གྱི་མི་ཚེ》
ཞེས་པར་གདན་ཞུ་བྱ་རྒྱུ་ཡིན་པ།

         ཟླ10བའི་ཚེས27ཉིན་གྱི་ཕྱི་དྲོའི་ཆུ་ཚོད7:30སྟེང་། དབྱངས་རྩོམ་མཁན་སྨོན་ལམ་རྡོ་རྗེCCTV3《སྒྱུ་རྩལ་གྱི་མི་ཚེ》ཞེས་པའི་ལེ་ཚན་དུ་གདན་ཞུ་བྱ་རྒྱུ་ཡིན་པ་རེད།
         སྨོན་ལམ་རྡོ་རྗེ་ནི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དབྱངས་རྩོམ་མཁན། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།  བོད་རང་སྐྱོང་ལྗོངས་རོལ་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན་ལ།  མིང་དུ་གྲགས་པའི་དབྱངས་རྩོམ་མཁན་ཞིག་ཡིན།
         བརྩམས་ཆོས་གཙོ་བོ་ལ《ཇོ་མོ་གླིང་མ》དང་། 《བྱམས་ལྡན་གྱི་ཨ་མ》། 《ཁམས་པའི་ཕོ་རྒོད》། 《མཐོ་སྒང་དུ་འཛོམས་པ》། 《མཆོད་རྟེན་དཀར་པོ》། 《ལྷ་མོ་བླ་མཚོ》། 《གངས་ལྗོངས་བུ་མོ》། 《རྣམ་པར་བཀྲ་བའི་ཁ་བཏགས》། 《སེམས་ཁུངས་ཀྱི་ཆབ་མདོ》། 《མཐོ་སྒང་གི་ཁྱེད་དང་ང》སོགས་ཁྱབ་རྒྱ་ཆེ་བའི་གླུ་གཞས100ལྷག་ཡོད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།