《ཡས་ཧེ་རྟགས་མའི》བརྙན་རིས་འགྲན་སྡུར་ཆེན་མོའམ《ཐེམ་ཆེན》པར་དེབ་འགྲེམ་སྤེལ་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-26 11:15:00 ཀློག་གྲངས།:


ཀྲུང་གོའི་མིང་དུ་གྲགས་པའི་པར་ལེན་པ་ཡས་ཡོན་ཐེན་གྱིས་འཆད་འཁྲིད་གནང་བཞིན་པ།

 གཟེངས་རྟགས་ཐོབ་པའི་པར་མཁན་དང་སྐུ་མགྲོན་རྣམས་ཀྱི་མཉམ་པར།
《天峻》画册出版发行
《ཐེམ་ཆེན》ཞེས་པའི་པར་དེབ་འགྲེམ་སྤེལ་བྱས་པ།
  

  ཉེ་ཆར། ཐེམ་ཆེན་ཡས་ཧེ་རྟགས་མའི་བརྙན་རིས་འགྲན་སྡུར་ཆེན་མོ་དང་ཐེམ་ཆེན་པར་དེབ་འགྲེམ་སྤེལ་མཛད་སྒོ་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་རྡལ་དུ་བསྡུས་པ་དང་། ཐེངས་འདིའི་བརྙན་རིས་འགྲན་ཚོགས་ཆེན་མོ་ལ་ཐེམ་ཆེན་རྫོང་གི་རང་བྱུང་ཁོར་ཡུག་གཙོར་བྱས་ནས། ཐེམ་ཆེན་རྫོང་གི་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས་བཅས་མཚོན་པའི་འགྲན་ཞུགས་པར་རིས་ཆིག་སྟོང་ལྷག་བསྡུས་ཤིང་། དེ་ལས་ཆེས་ལེགས་པོའི་པར་རིས་སྐོར་ཞིག་དཔྱད་འདེམས་བྱས་ཏེ། ཐེམ་ཆེན་པར་དེབ་ཁྲོད་བཀོད་ནས་དངོས་སུ་འགྲེམ་སྤེལ་བྱས། པར་རིས་འདི་དག་བརྒྱུད་ནས་ཐེམ་ཆེན་རྫོང་གི་ས་ཆའི་གནས་བབ་དང་། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས། དཔལ་འབྱོར་དང་རིག་གནས་ཀྱི་འཕེལ་རྒྱས། ཡུལ་སྲོལ་གོམས་གཤིས་སོགས་ལ་ཡང་རྒྱུས་ལོན་འོས་འཚམ་ཞིག་བྱེད་ཐུབ་པའོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།