མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་བྱ་བར་ཤུགས་བསྣན།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-01 12:19:00 ཀློག་གྲངས།:

སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་བྱ་བར་ཤུགས་བསྣན།
བྲག་དཀར་རྫོང་གི་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་བྱ་བའི་བགྲོ་གླེང་ཚོགས་འདུ།

         ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོ་ཚེ་ལོ་སོགས་འཁོར་དང་བཅས་པས་གཟའ་འཁོར་གཅིག་གི་དུས་ཡུན་བེད་སྤྱད་དེ། ཁྲི་ཀ་རྫོང་དང་། མང་རྫོང་། འབའ་རྫོང་། བྲག་དཀར་རྫོང་།  གསེར་ཆེན་རྫོང་བཅས་སུ་བགྲོ་གླེང་དང་ཡུལ་དངོས་གཟིགས་ཞིབ། ཡིག་ཆ་ཀློག་གཟིགས་སོགས་ཀྱི་རྣམ་པར་བརྒྱུད།  རྫོང་སོ་སོ་དང་ཐད་གཏོགས་ཡུལ་ཚོ་དང་གྲོང་རྡལ་གྱི་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་གྱི་ལེགས་བཅོས་གནས་ཚུལ་ལ་ལྟ་སྐུལ་བྱས།


མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོ་ཚེ་ལོ་
དང་འགོ་གཙོ་གཞོན་པ་དཔའ་འབྲུག་འབུམ།

         ཐེངས་འདིའི་ལྟ་སྐུལ་ཁྱང་ཁོངས་ནི་མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་དང་ཞིང་ཆེན་གཞུང་ལམ་འགྲམ་བརྒྱུད་དང་། རྫོང་སོ་སོའི་མཁར་གྲོང་། ཡུལ་ཚོ་དང་གྲོང་རྡལ་གྱི་སྲང་ལམ། ཁུལ་ཡོངས་ཀྱི་གནས་སྐོར་ས་ཁུལ་དང་། ཡུལ་སྐོར་མཛེས་ལྗོངས།  རླངས་འཁོར་ས་ཚིགས།  དེ་མིན་གྲོང་དང་ཡུལ་ཚོའི་སྒེར་གཉེར་ཚོང་ཁང་གི་སྒོ་བྱང་། དྲིལ་བསྒྲགས་མཚན་བྱང་། ཡིག་བྱང་། ལམ་བྱང་སོགས་དང་། དེ་མིན་ཁུལ་དང་རྫོང་གི་ཏང་སྲིད་ལས་ཁུངས་དང་ཁེ་ལས་ལས་རིགས་ལས་ཁུངས།  སྒེར་གཉེར་བའི་རུས་མིང་དང་སྤྱི་ཐམ་སོགས་གང་མང་འདུས།
         ཁོ་ཚོས་གཙོ་ཆེར་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་བྲིས་པ་ཚད་ལྡན་ཡིན་མིན་དང་། ཡིག་ནོར།  བསྒྱུར་བ་ནོར་འཛོལ་ཡོད་མེད་དང་། བོད་རྒྱ་ཡིག་གཟུགས་ཀྱི་ཆེ་ཆུང་དང་། ཚད་གཞི། བཟོ་སྐྲུན་རྒྱུ་ཆ་གཅིག་གྱུར་ཡིན་མིན། སྒོ་བྱང་རྙིང་ཡོད་མེད་དང་ཡི་གེ་མག་མོག་ཏུ་གྱུར་ཡོད་མེད། ལས་གཉེར་འཛིན་ཡིག་དང་སྒོ་བྱང་གི་མིང་གཅིག་མཐུན་ཡིན་མིན། ཁྲོམ་རའི་ཡིག་བཀོལ་ལ་རྒྱ་ཡིག་རྐྱང་བ་ལས་བོད་ཡིག་ཡོད་མེད་དམ་ཡང་ན་བོད་ཡིག་རྐྱང་བ་ལས་རྒྱ་ཡིག་ཡོད་མེད། སྒོ་བྱང་གི་ཕྱིའི་མཛེས་ཆ་ཇུས་འགོད་ཐད་ནས་མི་རིགས་ཀྱི་ཁྱད་ཆོས་དོད་པོ་ཐོན་ཡོད་མེད་བཅས་ཀྱི་ཕྱོགས་ལ་ལྟ་སྐུལ་བྱས།


མང་རྫོང་གི་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་བྱ་བའི་བགྲོ་གླེང་ཚོགས་འདུ།

         ལྟ་སྐུལ་བྱེད་པའི་དུས་ཡུན་ནང་ལྟ་སྐུལ་ཚན་ཆུང་ལ་ངེས་སེམས་ཤིག་བསྐྱེད་པ་ནི། ཉེ་བའི་ལོ་འགའི་ནང་བོད་སྐད་ཡིག་སྡེ་ཁག་དང་། མཁར་སྲུང་ཅུའུ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ། རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཅུའུ། སྤྱི་བདེ་ཅུའུ། བཟོ་ཚོང་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་ཕན་ཚུན་རྒྱབ་སྐྱོར་དང་མཉམ་འབྲེལ་བྱས་པར་བརྟེན། སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་ལེགས་བཅོས་བྱ་བར་གྲུབ་འབྲས་ངེས་གསལ་ཐོབ་ཡོད་ཅིང་། རྫོང་སོ་སོས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མཁར་གྲོང་འཛུགས་སྐྲུན་དང་། མཁར་གྲོང་གི་རྣམ་པ་ལེགས་པོ་སྐྲུན་པར་ཁྲོམ་རའི་ཡིག་བཀོལ་དོ་དམ་བྱ་བ་ནི་ཁྱད་འཕགས་མཁར་གྲོང་འཛུགས་སྐྲུན་གྱི་ཆེས་གལ་ཆེ་བའི་ནང་དོན་དུ་ཤུགས་སྣོན་གྱི་ཡོད་ལ། འདིས་མི་རིགས་ཀྱི་ཡི་གེ་ཚད་ལྡན་གྱིས་བཀོལ་སྤྱོད་བྱེད་པར་ཡར་སྐུལ་དང་སྔར་ལས་ལྷག་པར་རོང་འབྲོག་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བཟོས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།