《བོད་བརྒྱུད་ནང་བསྟན་ཚིག་མཛོད་ཆེན་མོ》རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གལ་ཆེའི་ལས་གཞིར་ཚུད།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-21 10:26:00 ཀློག་གྲངས།:
         ཉེ་ཆར། རྒྱལ་ཡོངས་མཚན་ཉིད་སྤྱི་ཚོགས་ཚན་རིག་འཆར་འགོད་གཞུང་ལས་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཀན་སུའུ་ཡིས་ཡར་ཞུ་བྱས་པའི《ཏུང་ཧོང་ཐུ་བྷོད་ཡིག་ཚགས་རིགས་དབྱེ་ལེགས་སྒྲིག་དང་ཞིབ་འཇུག》ཞེས་པ་དང་། 《ཡོ་རོབ་ཏུ་ཉར་ཚགས་བྱས་པའི་སི་ཐཱན་ཡུན་གྱི་ཞིན་ཅང་གནའ་རྫས་རྟོག་ཞིབ་ཡིག་ཚགས་ལེགས་སྒྲིག་དང་ཞིབ་འཇུག》 《བོད་བརྒྱུད་ནང་བསྟན་ཚིག་མཛོད་ཆེན་མོ》(བོད་རྒྱ་ཤན་སྦྱར)།  《ཏུང་ཧོང་ཡིག་རིགས་ཤུལ་བཞག་གྲངས་མཛོད་འཛུགས་སྐྲུན》བཅས་ལས་གཞི་བཞི་བདེ་བླག་ངང2012ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གལ་ཆེའི་ལས་གཞིར་ཚུད་པ་རེད།
         རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གལ་ཆེའི་ལས་གཞི་ཡིས་གཙོ་ཆེར་མཚན་ཉིད་སྤྱི་ཚོགས་ཚན་རིག་གསར་གཏོད་མ་ལག་འཛུགས་སྐྲུན་བྱེད་པར་དམིགས་ཤིང་། ནུས་ཡོད་སྒོས་གལ་ཆེའི་རིག་གཞུང་གསར་གཏོད་རིན་ཐང་དང་རིག་གནས་རྒྱུན་འཛིན་ཐད་དགེ་མཚན་ཆེ་བའི་ཕུལ་བྱུང་གྲུབ་འབྲས་ཐོབ་པར་བརྩོན་པ་ཡིན། འདི་ནི་རང་རྒྱལ་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་སུ་རིམ་གྲས་ཆེས་མཐོ་ཞིང་རོགས་སྐྱོར་ནུས་ཤུགས་ཆེས་ཆེ་བ། དབང་གྲགས་ཆེས་ཆེ་བའི་རྒྱལ་ཁབ་རིམ་པའི་ལས་གཞི་ཞིག་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།