《དབུས་ལམ་གྱི་ཉི་མ》གསེར་ཁོ་ལཱ་དོམ་རྒྱལ་སྤྱིའི་ཀྲུང་བརྙན་དུས་ཆེན་གྱི་བརྙན་འགྲན་དུ་ཚུད།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-19 10:04:00 ཀློག་གྲངས།:

《དབུས་ལམ་གྱི་ཉི་མ》ཞེས་པ་གསེར་ཁོ་ལཱ་དོམ་རྒྱལ་སྤྱིའི་ཀྲུང་གོའི་གློག་བརྙན་དུས་ཆེན་གྱི་བརྙན་རིང་འགྲན་ཚན་དུ་ཚུད།
《དབུས་ལམ་གྱི་ཉི་མ》ཞེས་པ་གསེར་ཁོ་ལཱ་དོམ་རྒྱལ་སྤྱིའི་ཀྲུང་གོའི་གློག་
བརྙན་དུས་ཆེན་གྱི་བརྙན་རིང་འགྲན་ཚན་དུ་ཚུད།

        ཉེ་ལམ། 2013ལོའི་གསེར་ཁོ་ལཱ་དོམ་རྒྱལ་སྤྱིའི་ཀྲུང་བརྙན་དུས་ཆེན་བརྙན་རིང་འགྲན་ཚན་གྱི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་།  བོད་རིགས་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན《དབུས་ལམ་གྱི་ཉི་མ》ཞེས་པའང་དེའི་གྲས་སུ་ཚུད་པ་མ་ཟད། མུ་མཐུད་དུ་དཔྱད་བཤེར་རུ་ཁག་གི་རྗེས་མའི་དཔྱད་འདེམ་ཁྲོད་ཕུལ་བྱུང་འཁྲབ་ཁྲིད་པ་དང་ཕུལ་བྱུང་ཕོ་མོའི་འཁྲབ་སྟོན་པ།  ཕུལ་བྱུང་གློག་བརྙན་བཅས་ཀྱི་བྱ་དགའ་ཆེན་མོ་རུ་འགྲན་རྩོད་བྱ་རྒྱུ་རེད།
        ཐེངས་འདིའི་འགྲན་ཞུགས་གློག་བརྙན་ནི་ཆ་སྙོམས་སྒོས་གསར་ཞུགས་སྙན་གྲགས་འཁྲབ་ཁྲིད་པའི་བརྩམས་ཆོས་ཡིན་ཞིང་། ཐུན་མོང་མ་ཡིན་པའི་གློག་བརྙན་སྒྱུ་རྩལ་སོགས་ལས་དེང་རབས་ཀྲུང་གོའི་གློག་བརྙན་འཕེལ་རྒྱས་ཀྱི་མཁས་བརྒྱ་འགྲན་གླེང་གི་རྣམ་པ་མངོན་ཡོད། མཇུག་མཐའི་བྱ་དགའ་ཐོབ་པའི་མིང་ཐོ་དེ2013ལོའི་ཟླ2པར་ཞི་ཉི་རུ་སྤེལ་བའི་བྱ་དགའ་གནང་བའི་མཛད་སྒོའི་སྟེང་དངོས་སུ་ཤེས་རྟོགས་འབྱུང་ངེས་པ་དང་། མིང་གྲགས་གློག་བརྙན་སྒྲིག་བཟོ་བ་དང་འཁྲབ་ཁྲིད་པ། འཁྲབ་སྟོན་པ་བཅས་མང་པོ་སྐབས་དེར་མཛད་སྒོའི་སྟེང་གདན་འདྲེན་ཞུ་འཆར་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།