ཟླ་བ་སྒྲོལ་མས་ལེགས་སྒྲིག་བྱས་པའི《ཡུལ་ཤུལ་བོད་རིགས་དམངས་ཁྲོད་ཀྱི་གཞས་བྲོ་གཅེས་བསྡུས》འགྲེམ་ལ་ཉེ།
ཟླ་བ་སྒྲོལ་མས་ལེགས་སྒྲིག་བྱས་པའི《ཡུལ་ཤུལ་བོད་རིགས་དམངས་
ཁྲོད་ཀྱི་གཞས་བྲོ་གཅེས་བསྡུས》འགྲེམ་ལ་ཉེ།
ཟླ་བ་སྒྲོལ་མས་འཚོལ་སྡུད་དང་ལེགས་སྒྲིག་བྱས་པ་དང་། འཕྲིན་ལས་རྒྱ་མཚོ་དང་། ཀུན་དགའ་ཟླ་བ། བསོད་རི་ཨོ་རྒྱན། ཆོས་དཀར། ཚེ་རིང་བདེ་སྐྱིད་སོགས་ཀྱིས་གཞས་བླངས་པའི《ཡུལ་ཤུལ་བོད་རིགས་དམངས་ཁྲོད་ཀྱི་གཞས་བྲོ་གཅེས་བསྡུས》ཞེས་པ་མི་འགྱངས་པར་འགྲེམ་རྒྱུ་ཡིན་པ་རེད།
4.14ས་འགུལ་གྱི་རྐྱེན་པས་ཡུལ་ཤུལ་གྱི་དམངས་ཁྲོད་གླུ་གར་རིག་གནས་ཤུལ་བཞག་ལ་གཏོར་བརླག་ཆེན་པོ་ཐེབས་པ་དང་། དུས་ཀྱི་འགྱུར་བ་དང་ཡུལ་ཤུལ་དམངས་ཁྲོད་སྒྱུ་རྩལ་པ་རྒན་པོ་རྣམས་ཚེ་ལས་འདས་པར་བསྟུན། ཡུལ་ཤུལ་གྱི་གདོད་མའི་དམངས་ཁྲོད་གླུ་གར་ཉམས་ཉེས་ཀྱི་གནས་སུ་ལྷུང་། དེར་བརྟེན་ཉམས་ཉེས་སུ་ལྷུང་བའི་གླུ་གར་རིག་གནས་འདི་མྱུར་སྐྱོབ་དང་རྒྱུན་འཛིན་དར་སྤེལ་གཏོང་བར་དམིགས་ཏེ། ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་ཟླ་བ་སྒྲོལ་མས་ངལ་གསོ་སོགས་ཀྱི་དུས་ཚོད་དམ་འཛིན་བྱས་ནས་ཡུལ་ཤུལ་དམངས་ཁྲོད་གླུ་གར་རྒྱུ་ཆ་འཚོལ་སྡུད་དང་ལེགས་སྒྲིག་གི་ལས་འདི་ལ་གཞོལ་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com