བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་ཐོན་ཁུངས་སྔོག་བཤེར་ལས་གཞི་མགོ་ཚུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-29 10:55:00 ཀློག་གྲངས།:

        ཉེ་ལམ། བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་ཐོན་ཁུངས་གནས་སྟངས་རྒྱུས་ལོན་དང་། བོད་སྨན་ཐོན་ཁུངས་སྔོག་འདོན་དང་བཀོལ་སྤྱོད་གོམ་སྟབས་ཇེ་མགྱོགས། བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བོད་སྨན་ཐོན་ལས་བདེ་ཐང་འཕེལ་རྒྱས་བཅས་བྱེད་པར། བོད་རང་སྐྱོང་ལྗོངས་ཀྱི་སྨན་རྫས་ཐོན་ཁུངས་སྔོག་བཤེར་ལས་གཞི་དངོས་སུ་མགོ་ཚུགས་པ་རེད།
        ད་ལོའི་ཟླ6པའི་ཚེས8ཉིན། བོད་རང་སྐྱོང་ལྗོངས་ནི་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས2012ལོའི་ཀྲུང་སྨན་ཐོན་ཁུངས་སྔོག་བཤེར་ལས་གཞིའི་ཞིང་ཆེན་གྲས་སུ་གཏན་འཁེལ་བྱས་ཤིང་། བོད་ལྗོངས་ཀྱི་དམིགས་བསལ་ས་གཤིས་ཁོར་ཡུག་དང་གནམ་གཤིས་སོགས་ལས་ཕུན་སུམ་ཚོགས་པའི་སྨན་རྫས་སྐྱེ་དངོས་ཐོན་ཁུངས་བསྐྲུན་ཡོད་པ་དང་། ཐེངས་འདིའི་སྨན་རྫས་ཐོན་ཁུངས་སྔོག་བཤེར་བྱེད་པར་བརྒྱུད། ཅུང་ཕྱོགས་ཡོངས་ཀྱི་སྒོ་ནས་བོད་རང་སྐྱོང་ལྗོངས་ཀྱི་སྨན་རྫས་ཀྱི་རིགས་ཚུར་སྣང་བྱེད་ཐུབ་པ་མ་ཟད། དེའི་ཁྱབ་སྟངས་དང་། ཉར་ཚད། སྲོལ་རྒྱུན་ཤེས་བྱ་སོགས་རྟོགས་ནུས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།