སྡེ་དགེ་པར་ཁང་གི་ཐང་ག77ཁྲུན་ཆིན་དུ་འགྲེམ་སྟོན་བྱས་པ།
ཉེ་ལམ། སི་ཁྲོན་སྡེ་དགེ་པར་ཁང་གིས་ཉར་བའི་ཐང་ག77ཐོག་དང་པོར་ཁྲུན་ཆིན་དུ་འགྲེམ་སྟོན་བྱས་ཤིང་། གྲོང་ཁྱེར་གྱི་སྡོད་དམངས་དང་སྒྱུ་རྩལ་ལ་དུངས་མཁན་དག་གིས་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་འདི་ཉིད་དངོས་མྱོང་བྱེད་ཐུབ་པར་དགའ་སྤྲོ་ཆེན་མོ་བྱུང་།
པར་ཁང་འདི་ནི་ལོ་རྒྱུས་སྟེང་སྙན་གྲགས་ཡོད་པའི་བོད་ཡིག་གི་པར་ཁང་ཆེན་མོ་གསུམ་གྱི་ཡ་གྱལ་དུ་གྲགས་ཤིང་། དེར་གཞུང་རྩ་ཆེན་ཉར་ཡོད་པ་མ་ཟད་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གཞུང་ལུགས་བརྩམས་ཆོས་ཀྱང་ཉར་ཡོད་པ་དང་། ནང་དོན་གྱི་ཆ་ནས་སྐར་རྩིས་དང་། ས་དཔྱད། ལོ་རྒྱུས། ཚད་མ། ཚན་རྩལ། གསོ་རིག སློབ་གསོ། རིག་གནས་དང་བོད་ཡིག་གི་ཡིག་གཟུགས་སོགས་བོད་ཀྱི་རིག་གནས་ཀྱི་ཕྱོགས་སོ་སོ་འདུས་ཡོད་པ་རེད།
དེར་མ་ཟད་ཤིང་པར་ལག་རྩལ་གྱི་ཤིང་བརྐོས་དང་། སྣག་ཚ། ཤོག་བུའི་བཟོ་རྩལ། པར་འདེབས་སྒྱུ་རྩལ་སོགས་ཡོད་ཚད་དུས་རབས13པའི་དུས་ཀྱི་སྲོལ་རྒྱུད་འཛིན་བྱས་ཡོད་ཅིང་། དེ་དག་ལ་ལོ་རྒྱུས་ཀྱི་རིན་ཐང་དང་། ཆོས་ལུགས་ཀྱི་རིན་ཐང་། སྒྱུ་རྩལ་གྱི་རིན་ཐང་སོགས་ཆེས་ཆེར་ལྡན་ལ། རང་རྒྱལ་དང་འཛམ་གླིང་ཡོངས་སུ་བོད་ཡིག་གི་དཔར་ཤིང་ཉར་ཚགས་བྱས་པ་ཆེས་མང་ལ་ནང་དོན་ཆེས་ཕུན་སུམ་ཚོགས་པའི་པར་ཁང་དུ་གྲགས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com