ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་དགུན་དུས་རྨ་ཆུར་རྐྱལ་བའི་འགྲན་བསྡུར་སྐབས་གསུམ་པ་ཁྲི་ཀ་ནས་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྟ་བ། དུས་ཚོད།:2013-01-16 10:04:00 ཀློག་གྲངས།:


ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་དགུན་དུས་རྨ་ཆུར་རྐྱལ་བའི་འགྲན་བསྡུར་སྐབས་གསུམ་པའི་མཛད་སྒོ། 

       ཟླ1པོའི་ཚེས12ཉིན་གྱི་ཕྱི་དྲོ།  ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་དགུན་དུས་རྨ་ཆུར་རྐྱལ་བའི་འགྲན་བསྡུར་སྐབས་གསུམ་པ་ཁྲི་ཀ་ནས་སྤེལ་ཞིང་། འབྲེལ་ཡོད་འགོ་ཁྲིད་དག་ཐེངས་འདིའི་བྱེད་སྒོ་ལ་ཞུགས།


འགྲན་ཞུགས་པ་རྣམས་རྨ་ཆུར་རྐྱལ་མགོ་རྩོམ་པ།

        རྒྱུས་ལོན་པ་ལྟར་ན། ཀྲུང་གོ་དང་། ཨ་རི། ཨུ་རུ་སི། འཁྱགས་གླིང་། ཨུ་རུ་སི་དཀར་པོ།  ཨ་ཧྥེ་རི་ཁ་ལྷོ་མ། ཝུ་ཁི་ལན། སི་ལོ་ཝ་ཁེ་སྤྱི་མཐུན་རྒྱལ་ཁབ་སོགས་རྒྱལ་ཁབ10ཡི་ལུས་རྩལ་པ40ལྷག་ཐེངས་འདིའི་འགྲན་བསྡུར་དུ་ཞུགས་པ་དང་། འགྲན་བསྡུར་མགོ་བརྩམས་རྗེས་རྨ་འགྲམ་གྱི་གཟིགས་མོ་བ་དག་གིས་ལུས་རྩལ་པ་རྣམས་ལ་ངར་ཤུགས་བསྐྱེད་ཅིང་། ལུས་རྩལ་པ་རྣམས་ཀྱིས་ལྷབ་ལྷུབ་ཏུ་འཕྱོ་བའི་རྨ་ཆུ་རུ་རྒྱལ་ཕམ་འགྲན་རྩོད་བྱས།

ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་དགུན་དུས་རྨ་ཆུར་རྐྱལ་བའི་འགྲན་བསྡུར་སྐབས་གསུམ་པ་ཁྲི་ཀ་ནས་སྤེལ།
ལུས་རྩལ་པ་དག་རྨ་ཆུར་རྐྱལ་བཞིན་པ།

        ཛ་དྲག་གི་འགྲན་བསྡུར་བརྒྱུད། མཐར་ཀྲུང་གོའི་འགྲན་ཞུགས་པ་ལི་ཝུན་ཐིན་དང་། ཧྲོའོ་ཝུན་ཧྥང་གཉིས་སོ་སོར་སྐྱེས་མའི་རུ་ཁག་ཀ་བ་དང་ཁ་བའི་ཨང་དང་པོ་ཐོབ་པ་དང་། ཀྲུང་གོའི་འགྲན་ཞུགས་པ་དབྱི་མོ་ལིན་དང་། ཀྲང་ཐོའོ་ཝུན་གཉིས་སོ་སོར་སྐྱེས་པའི་རུ་ཁག་ཀ་བ་དང་ཁ་བའི་ཨང་དང་པོ་ཐོབ། སི་ལོ་ཝ་ཁེའི་ལུས་རྩལ་པ་མཱ་ཁོ་བྷོ་སེ་ཁི་དང་ཨ་རིའི་ལུས་རྩལ་པ་ཐོ་མུ་སི་རུའེ་ལཱ་ཨེ་ལིའོ་ཐི་གཉིས་སོ་སོར་སྐྱེས་པའི་རུ་ཁག་ཀ་བ་དང་ཁ་བའི་ཨང་གཉིས་པ་ཐོབ། ཨུ་རུ་སིའི་འགྲན་ཞུགས་པ་སི་མཱ་ཀེ་ནཱ་མཱ་ལེ་ནཱ་དང་ཝུ་སཱ་ཆེ་ཝ་ནཱ་ཏཱ་ལེ་ཡཱ་གཉིས་སོ་སོར་སྐྱེས་མའི་རུ་ཁག་ཀ་བ་དང་ཁ་བའི་ཨང་གསུམ་པ་བཅས་ཐོབ། 


མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་རྒྱལ་ཡོངས་དགུན་དུས་ཆུར་རྐྱལ་ཚོད་ལྟའི་ཁུལ་ཞེས་པའི་གཟེངས་བསྟོད་མཚན་བྱང་བསྩལ།

        དེ་མིན་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཆུར་རྐྱལ་ལུས་རྩལ་ལྟེ་གནས་དང་། ཀྲུང་གོའི་ཆུར་རྐྱལ་མཐུན་ཚོགས་ཀྱིས་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་རྒྱལ་ཡོངས་དགུན་དུས་ཆུར་རྐྱལ་ཚོད་ལྟའི་ཁུལ་ཞེས་པའི་གཟེངས་བསྟོད་མཚན་བྱང་བསྩལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།