ངོས་དང་པོ > སྐབས་དོན། > སྣ་ཚོགས། > མཚོ་སྔོན་སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོར་མཐུན་ཚོགས་ཀྱི་ལས་དོན་སྙན་ཞུ།
མཚོ་སྔོན་སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོར་མཐུན་ཚོགས་ཀྱི་ལས་དོན་སྙན་ཞུ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-01-16 10:42:00
ཀློག་གྲངས།:
ཉེ་ཆར། རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོར་མཐུན་ཚོགས་དང་། ཀྲུང་ཧྭ་སྤྱི་ཚོགས་རོགས་སྐྱོར་ཐེབས་རྩའི་ཚོགས་པ་སོགས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི་མཚོ་སྔོན་དབུལ་ཕོངས་ས་ཁུལ་དུ་དཔར་ཆས་ཞལ་འདེབས་ཕུལ་བའི་བྱམས་བརྩེའི་བྱ་འགུལ་དེ2012ལོའི་ཟླ12བའི་ཚེས8ཉིན་མགོ་བརྩམས་པ་ནས་བཟུང་། སྤྱི་ཚོགས་ལས་རིགས་སོ་སོའི་བྱམས་ལྡན་མི་སྣའི་འབད་བརྩོན་འོིག 2012ལོའི་ཟླ12བའི་ཚེས23ཉིན་གྱི་ཆུ་ཚོད20:30སྟེང་ལས་གཞི་སྡུད་པའི་བྱ་འགུལ་མཇུག་སྒྲིལ་བ་དང་། བསྡོམས་པས་བྱམས་བརྩེའི་རོགས་དངུལ་སྒོར300246བསྡུ་ཐུབ་པ་བྱུང་ཞིང་། ལས་གཞི་འདིར་བསྡོམས་པས་བྱམས་ལྡན་མི་སྣ62683ལྷག་ཞུགས་ཡོད་པ་རེད།
མཚོ་སྔོན་སྐལ་བཟང་མེ་ཏོག་སློབ་གསོའི་རོགས་སྐྱོར་ཚོགས་པ་ནི་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དུ་ཐོ་འགོད་བྱས་པའི་སྤྱི་ཕན་རང་བཞིན་གྱི་དམངས་ཁྲོད་སྤྱི་ཚོགས་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པའི་སྔར་མིང་ལ་སྐལ་བཟང་མེ་ཏོག་ནུབ་རྒྱུད་སློབ་གསོའི་རོགས་སྐྱོར་ཞེས་ཟེར་བ་དང་། 2005ལོའི་ཟླ2པའི་ཚེས19ཉིན་བཙུགས། སྐལ་བཟང་མེ་ཏོག་གི་འོས་འགན་ནི་མཚོ་སྔོན་སོགས་ནུབ་རྒྱུད་ས་ཁུལ་གྱི་ན་གཞོན་རྣམས་ལ་ཁ་གཏད་རོགས་སྐྱོར་དང་། སློབ་ཡོན། དབྱར་ཁའི་སྤྲོ་གསེང་། སློབ་གྲྭའི་སྒྲིག་ཆས་ལེགས་བཅོས་སོགས་སློབ་གསོའི་རོགས་སྐྱོར་གནང་རྒྱུ་དེ་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།