གླུ་བ་བསམ་ཁོས《བརྩེ་བའི་འགྱུར་ཁུག》ཅེས་པའི་ཆེད་བསྒྲིགས་འགྲེམ་ལ་ཉེ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-01-21 10:17:00 ཀློག་གྲངས།:

གླུ་བ་བསམ་ཁོས《བརྩེ་བའི་འགྱུར་ཁུག》ཅེས་པའི་ཆེད་བསྒྲིགས་འགྲེམ་ལ་ཉེ་བ།
གླུ་བ་བསམ་ཁོས《བརྩེ་བའི་འགྱུར་ཁུག》ཅེས་པའི་ཆེད་བསྒྲིགས་འགྲེམ་ལ་ཉེ་བ།

        རྒྱུས་ལོན་བྱུང་བ་ལྟར་ན།  གནམ་ལོ་གསར་བའི་དུས་ལ་ཉེ་བའི་སྐབས་འདིར། གླུ་བ་བསམ་ཁོས་མི་སྒེར་ཕལ་སྐད་གླུ་གཞས་ཆེད་བསྒྲིགས་ཏེ《བརྩེ་བའི་འགྱུར་ཁུག》ཅེས་པ་ཟླ1པོའི་ཚེས25ཉིན་འགྲེམ་སྤེལ་བྱ་རྒྱུ་ཡིན་ཞིང་། དེརDVDཔར་གཞི་ཡོད་པར་མ་ཟད་ལོ་སར་གྱི་རྗེས་སུ་ད་དུངCDཔར་གཞིའང་འགྲེམ་འཆར་ཡོད་པ་རེད།
        ཆེད་བསྒྲིགས་འདི་ན་ནིང་གི་ཟླ6པ་ནས་བཟུང་སྟ་གོན་བྱས་ཏེ་ཕབ་བསྐྲུན་བྱས་པ་དང་དུས་ཡུན་ལོ་ཕྱེད་རིང་བརྩོན་པ་བྱས་ཏེ་གཞི་ནས་ལེགས་འགྲུབ་བྱུང་།  འདིའི་ནང་བསྡོམས་པས་གླུ་གཞས13ཡོད་དེ། གཅིག་སེམས་གཅིག་འབྲེལ་ཞེས་པ་དང་། བརྩེ་བའི་འགྱུར་ཁུག  ཨ་མདོ་རྔ་བ།  ལྷ་སའི་བུ་མོ། ལོ་ཙཱ་བ། དྲན་ཀློང་གི་ཨ་མ། གར་སྟེགས། ཁ་བ། གྱང་རྡུང་བའི་གཞས། ཐང་ག  བརྩེ་དུང་གི་ཁ་མདོག  འཁྲེང་སེམས། བཅུ་གསུམ་གླུ་མཆོད་བཅས་ཡིན། དེ་དག་ལྷ་སའི་སྐད་དང་ཨ་མདོའི་སྐད་ཀྱི་ལམ་ནས་བླངས་ཡོད་ཅིང་། གླུ་གཞས་སོ་སོ་ལས་ཁོའི་བརྩེ་བ་རྣལ་མའི་ཚོར་འདུ་མཚོན་ཡོད་དེ། གླུ་བ་བསམ་ཁོས་བཤད་རྒྱུར།  《དྲན་ཀློང་གི་ཨ་མ》ཞེས་པའི་གླུ་གཞས་ལས་ཨ་མའི་བྱམས་བརྩེ་ལ་བསྟོད་བསྔགས་བྱས་ཡོད་པ་དང་། 《ཐང་ག》ཞེས་པ་ལས་གཙོ་བོ་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དུངས་པའི་ཚོར་འདུ་བརྗོད་ལ། 《ཁ་བ》ཞེས་པའི་གླུ་གཞས་ལས་ཕ་ཡུལ་ལ་དུངས་པའི་འདུན་མ་བཅས་བསྟན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།