ཁྲོ་ཆུ་རྫོང་དུ2018ལོའི་སི་ཁྲོན་ལོ་མ་དམར་པོའི་སྣོད་བཅུད་ཡུལ་སྐོར་དུས་སྟོན་སྤེལ།
སི་ཁྲོན་ལོ་མ་དམར་པོའི་སྣོད་བཅུད་ཡུལ་སྐོར་དུས་སྟོན་སྤེལ།
མདོ་འཛིན་པ་རྣམ་པ།
སི་ཁྲོན་ལོ་མ་དམར་པོའི་སྣོད་བཅུད་ཡུལ་སྐོར་དུས་སྟོན་སྤེལ།
ཉེ་སྔོན། སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་དང་སི་ཁྲོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་། སི་ཁྲོན་ཞིང་ཨུའི་ཞིང་སྡེ་ལས་ཀའི་ཨུ་ཡོན་ལྷན་ཁང་། སི་ཁྲོན་ཞིང་ཆེན་ཞིང་ལས་ཐིང་། རྔ་བ་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གུང་ཁྲོ་ཆུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། ཏ་ཁོག་འཁྱགས་རི་དོ་དམ་ཅུས། རྔ་བ་ཁུལ་གཟི་རྩ་ཆེན་མོའི་ཡུལ་སྐོར་སྡེ་ཚོགས་ཀྱིས་སྒྲུབ་འགན་ཁུར་བའི2018ལོའི་སི་ཁྲོན་ལོ་མ་དམར་པོའི་སྣོད་བཅུད་ཡུལ་སྐོར་དུས་སྟོན་དང་ཁྲོ་ཆུ་རྫོང་འཁྱག་རི་དང་ནགས་ཚལ• སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཚིགས་སྐབས་དྲུག་པ། སི་ཁྲོན་ཞིང་ཆེན་ཡུལ་སྡེའི་རིག་གནས་ཡུལ་སྐོར་དུས་སྟོན་སྐབས་དགུ་བ་ཁྲོ་ཆུ་རྫོང་ནས་མགོ་བརྩམས།
ཤེར་བསྟན་གྱིས་གླུ་གཞས་ལེན་བཞིན་པ།
སི་ཁྲོན་ལོ་མ་དམར་པོའི་སྣོད་བཅུད་ཡུལ་སྐོར་དུས་སྟོན་སྤེལ།
ཀྲུང་གུང་ཁྲོ་ཆུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཡུན་ཅན་གྱིས་མགོ་རྩོམ་པའི་མཛད་སྒོའི་སྟེང་དུ་སྐྱེ་ཁམས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བྱུང་ཚུལ་ངོ་སྤྲོད་བྱས་ཤིང་། རྔ་བ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཨུའུ་དབྱང་མེ་ཡིས་རྟེན་འབྲེལ་ཤིས་ཚིག་ཕུལ། ཞིང་ཆེན་ནགས་ལས་ཐིང་གི་རིམ་པ་གཉིས་པའི་རྟོག་ཞིབ་པ་ཝན་ཧུང་ཡུན་དང་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུའི་རིམ་པ་གཉིས་པའི་རྟོག་ཞིབ་པ་ཞེ་ཧེ་ཡུན་གཉིས་ཀྱིས་སོ་སོར་གསུང་བཤད་གནངས་ཤིང་། རྔ་བ་ཁུལ་དམངས་འཐུས་ཀྱི་ཀྲུའུ་རིན་གཞོན་པ་ལི་ཧུང་ཡུང་གིས་2018ལོའི་སི་ཁྲོན་ལོ་མ་དམར་པོའི་སྣོད་བཅུད་ཡུལ་སྐོར་དུས་སྟོན་དང་ཁྲོ་ཆུ་རྫོང་འཁྱག་རི་དང་ནགས་ཚལ• སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཚིགས་སྐབས་དྲུག་པ། སི་ཁྲོན་ཞིང་ཆེན་ཡུལ་སྡེའི་རིག་གནས་ཡུལ་སྐོར་དུས་སྟོན་སྐབས་དགུ་བ་མགོ་བརྩམ་པ་ཁྱབ་བསྒྲག་བྱས།
སི་ཁྲོན་ལོ་མ་དམར་པོའི་སྣོད་བཅུད་ཡུལ་སྐོར་དུས་སྟོན་སྤེལ།
འཕྱོངས་ཞོལ་སྒྲོལ་མས་གླུ་གཞས་ལེན་བཞིན་པ།
སི་ཁྲོན་ལོ་མ་དམར་པོའི་སྣོད་བཅུད་ཡུལ་སྐོར་དུས་སྟོན་སྤེལ།
ཉེ་བའི་ལོ་ཤས་རིང་དུ། ཁྲོ་ཆུ་རྫོང་གིས་སྐྱེ་ཁམས་བདག་སྐྱོང་དང་འཛུགས་སྐྲུན་བྱེད་པར་ནུས་ཤུགས་གང་ཡོད་ཀྱིས་སྐུལ་འདེད་བྱས་ཏེ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་འཇོག་གང་ཐུབ་བྱས་ཡོད་པ་རེད།
ཐེངས་འདིའི་ཡུལ་སྐོར་དུས་ཚིགས་ཀྱི་བྱ་འགུལ་ཁག་ཟླ་བརྒྱད་པ་ནས་མགོ་བརྩམས་ཡོད་པ་དང་། 2019ལོའི་ཟླ་གཉིས་པའི་བར་སྤེལ་རྒྱུ་རེད། བྱ་འགུལ་ལ་སྐོར་བྲོའི་འགྲན་སྡུར་དང་ཞིང་ཁ་ཤིང་ཏོག་འཐུ་བ། འཁྱགས་རོམ་དུས་སྟོན་སྐབས་དགུ་བ། བོད་ཁྱིམ་ནས་ལོ་སར་བྱེད་པ་སོགས་ཁྱད་ཆོས་ལྡན་པའི་བྱ་འགུལ་མང་པོ་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།