མཚོ་ལྷོའི་འགོ་ཁྲིད་གཉིས་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་དུ་འཚམས་འདྲིར་ཕེབས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-01-31 09:06:00 ཀློག་གྲངས།:

མཚོ་ལྷོའི་འབྲེལ་ཡོད་འགོ་ཁྲིད་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་དུ་འཚམས་འདྲིར་ཕེབས།
མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོ་ཚེ་ལོ་ཡིས་
འགོ་ཁྲིད་གཉིས་ལ་བྱ་བའི་གནས་ཚུལ་སྙན་ཞུ་བྱེད་པ།

        ཟླ1པོའི་ཚེས25ཉིན། མཚོ་ལྷོ་ཁུལ་ཨུའི་ཧྲའུ་ཅི་གཞོན་པ་ཏུའུ་ཁྲིན་ཀྲུང་དང་ཁུལ་དཔོན་གཞོན་པ་སྟག་འབུམ་རྒྱལ་གཉིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་དུ་འཚམས་འདྲིར་ཕེབས་ཏེ་ལས་སྒྲུབ་པ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།
        ཐོག་མར་འགོ་ཁྲིད་གཉིས་ཀྱིས་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ལས་སྒྲུབ་པ་སོ་སོར་ཉེ་ལམ་གྱི་བྱ་བའི་གནས་ཚུལ་འདྲི་རྟོག་བྱས་ཤིང་། དུས་ཆེན་སྔོན་དུ་བྲེལ་འཚུབ་ཀྱི་བྱ་བར་བརྩོན་བཞིན་པའི་ལས་སྒྲུབ་པ་དག་ལ་ལྷག་བསམ་འཁོལ་བའི་བཀའ་དྲིན་དང་འཚམས་འདྲི་གནང་བ་དང་། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོ་ཚེ་ལོའི་གདན་འདྲེན་འོག་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི2012ལོའི་བརྙན་གཟུགས་པར་གཞིའི་བྱ་བའི་སྤྱི་བསྡོམས་ལ་གཟིགས་ཏེ་ཁོ་གཉིས་ཀྱིས་དེར་ཁས་ལེན་དང་གདེང་འཇོག་མི་དམན་པ་གནང་།


མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏུའུ་ཁྲིན་ཀྲུང་གིས་གསུང་བཤད་གནང་བཞིན་པ།

        ཧྲུའུ་ཅི་གཞོན་པ་ཏུའུ་ཁྲིན་ཀྲུང་གིས་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི2012ལོའི་བྱ་བར་གདེང་འཇོག་གནང་བ་སྟེ། གཅིག་ནས་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་བྱ་བའི་དཀྱིལ་སྙིང་ལ་དམིགས་ཏེ་བྱ་བའི་ཕྱོགས་སོ་སོ་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་པར་ལས་སྒྲུབ་པ་ཡོངས་ལ་བཀའ་དྲིན་ཞུ་བ་དང་། གཉིས་ནས་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་གྱི་ལེགས་བསྒྱུར་བྱ་བ་དང་།  ཡིག་སྒྱུར་གྱི་སྤུས་ཚད་དང་གྲངས་ཚད་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པ་མ་ཟད། 《མཚོ་ལྷོའི་སྲིད་དོན》བོད་ཡིག་པར་གཞི་སྤེལ་བ་དང་།  མཚོ་ལྷོའི་འདས་མ་ད་གསུམ་སོགས་ཆེད་དོན་ལེ་ཚན་སྤེལ་བར་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད་པ། གསུམ་ནས་ཆ་འཕྲིན་དྲ་རྒྱའི་འཛུགས་སྐྲུན་ཐད་ཀྱི་མཛད་རྗེས་གཟེངས་སུ་ཐོན་ཞིང་། སྒོས་སུ་བོད་སྐད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་བྱ་བས་ད་ཡོད་དང་རྗེས་རབས་པར་དགེ་མཚན་བླ་ན་མེད་པ་སྐྲུན་ངེས་པར་གདེང་ཚོད་ཆེན་མོ་འདུག་པ། བཞི་ནས་མི་རིགས་མཐུན་སྒྲིལ་ཡར་སྐུལ་བྱེད་པ་དང་སྤྱི་ཚོགས་གཏན་འཇགས་ཐད་བྱས་རྗེས་བཟང་བོ་བཞག་པ། ལྔ་ནས་རང་སྟེང་འཛུགས་སྐྲུན་སྔར་ལས་མཐོར་འདེགས་བྱུང་བ། དྲུག་ནས་བོད་སྐད་ཡིག་བྱ་བར་འཕར་བརྒལ་གསར་བ་བྱུང་ཡོད་དེ། ས་མིང་དང་། གནའ་དཔེ།  སྲིད་ཚགས། མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུ་རིག་གནས་སོགས་རིན་ཐང་ལྡན་པའི་ལས་དོན་ལེགས་པོ་བསྒྲུབས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས། མཐའ་མར་ཁོ་བོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་བཀའ་དྲིན་ཞུ་བ་དང་ཆབས་ཅིག  2013ལོར་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་བྱ་བའི་ཕྱོགས་སོ་སོར་གྲུབ་འབྲས་གསར་བ་ལེན་ཐུབ་རྒྱུར་རེ་འདུན་ཞུ་ཞིང་། ལས་སྒྲུབ་པ་ཡོངས་ལོ་གསར་བའི་ནང་ལ་ལུས་པོ་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བར་བཀྲ་ཤིས་བདེ་ལེགས་ཞུའོ།།


མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་སྟག་འབུམ་རྒྱལ་གྱིས་གསུང་བཤད་གནང་བཞིན་པ།

        ཁུལ་དཔོན་གཞོན་པ་སྟག་འབུམ་རྒྱལ་གྱིས་གསུང་རྒྱུར། བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་བྱ་བའི་ཚད་ལོ་རེ་བཞིན་ཇེ་མང་དུ་འགྲོ་ཡི་ཡོད་ཅིང་། གསར་གཏོད་ཀྱི་སྒོ་ནས་བྱ་བ་གང་མང་སྤེལ་འདུག་ལ། སྒོས་སུ་བོད་སྐད་ཡིག་ཆ་འཕྲིན་ཞིབ་འཇུག་བྱ་བ་དེ་རྒྱལ་ཁབ་ཕྱི་ནང་དུ་གྲགས་རྒྱ་ཤིན་རུ་ཆེ་ཞིང་རླབས་ཆེ་བའི་བཟོ་བཀོད་ཅིག་ཏུ་ངེས། དེ་མིན་བོད་ཀྱི་རིག་གནས་སྔོག་འདོན་ཐད་མཛད་རྗེས་མང་པོ་བཞག་ཡོད་པ་དང་། འདི་ལྟ་བུའི་གྲུབ་འབྲས་ཤིག་བླངས་པར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ། རྗེས་ཕྱོགས་འུ་ཅག་གི་མིག་ལམ་དུ་བཤམས་པའི་བྱ་བའི་འོས་འགན་སྔར་ལས་ཛ་དྲག་ཆེ་ཞིང་།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཐོང་ཆེན་བྱེད་ཀྱི་འདུག་པ་དང་།  མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ལོ་གསར་བའི་བྱ་བའི་ཕྱོགས་སོ་སོ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྙིང་ནས་སྨོན་པ་ཞུས།


མཚོ་ལྷོ་ཁུལ་ཨུའི་ཧྲའུ་ཅི་གཞོན་པ་ཏུའུ་ཁྲིན་ཀྲུང་དང་ཁུལ་དཔོན་གཞོན་པ་སྟག་འབུམ་རྒྱལ་གཉིས་ཀྱིས་
བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་ལས་སྒྲུབ་པ་རྣམས་ལ་འཚམས་འདྲི་ཞུ་བ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།