ལྷ་སའི་བརྙན་འཕྲིན་ཁང་གི་བོད་སྐད་དང་གནས་སྐོར་རིག་གནས་ཀྱི་གསར་སྣོན་ལེ་ཚན་གཉིས།
ཉེ་ལམ། རྒྱུས་ལོན་བྱུང་བ་ལྟར་ན། ལྷ་སའི་བརྙན་འཕྲིན་ཁང་གི་བོད་སྐད་དང་གནས་སྐོར་རིག་གནས་ཀྱི་གསར་སྣོན་ལེ་ཚན་གཉིས་ཚོད་དཔགས་ལྟར་ད་ལོའི་ལོ་མགོ་རུ་གཟིགས་མོ་བ་ལྷན་རྒྱས་ཀྱི་སྤྱན་སྔར་མངོན་རྒྱུ་ཡིན་ཞིང་། དུས་ཡུན་རིང་བོར་ལྷ་སའི་བརྙན་འཕྲིན་ཁང་ལ་ལེ་ཚན་གཅིག་ལས་མེད་པའི་ལོ་རྒྱུས་མཇུག་སྒྲིལ་ངེས་རེད།
མཚམས་སྦྱོར་བྱས་པ་ལྟར། ལྷ་སའི་བརྙན་འཕྲིན་ཁང་གི་བོད་སྐད་དང་གནས་སྐོར་རིག་གནས་ཀྱི་གསར་སྣོན་ལེ་ཚན་གཉིས་ཀྱི་འབྲེལ་ཡོད་སྒྲིག་བཀོད་སོགས་ཀྱི་ཐད་ལ་ཆེད་མཁས་ཚོགས་པས་ཞིབ་བཤེར་གནང་ཟིན་པ་དང་། ཉེ་དུས། ལྷ་སའི་བརྙན་འཕྲིེན་ཁང་གིས་མི་སྣ་རྩ་འཛུགས་བྱས་ཏེ་ཚོད་ལྟའི་ངང་ཕབ་མགོ་བརྩམས་ཏེ་འབྲེལ་ཡོད་ཆེད་མཁས་པས་སྔར་ལས་ལྷག་པར་ལེགས་བཅོས་བྱ་འཆར་ཡོད་པ་རེད།
རྒྱུས་ལོན་བྱུང་ཚུལ་ལྟར་ན། ལྷ་ས་གྲོང་ཁྱེར་ཨུ་ཡོན་རྩ་འཛུགས་པུས་ལྷ་སའི་བརྙན་འཕྲིན་ཁང་ལ་འབྲེལ་ཡོད་ལས་ཞུགས100ཡི་མཐུན་སྦྱོར་བསྐྲུན་པ་དང་། གྲོང་ཁྱེར་མི་དོན་སྤྱི་ཚོགས་འགན་སྲུང་ཅུས་ལྗོངས་ཡོངས་སུ་ཤེས་ལྡན་གསར་འགོད་མི་སྣ28གསར་སྣོན་བྱས།
ལས་གཞི་འདི་ནི་ན་ནིང་གི་ཟླ11པར་ལས་མགོ་བརྩམས་ཤིང་སྔོན་དཔགས་བྱས་པ་ལྟར་ན་ད་ལོའི་ཟླ1པོའི་ཟླ་མཇུག་ཏུ་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com