འབྲོག་སའི་རྩྭ་གཙང་གསུམ་འབྱུང་ཡུལ་ལས་གཞིའི་མཛད་སྒོ་བསྡུས་པ།
ཟླ1པོའི་ཚེས19ཉིན།རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་རྒྱལ་སྤྱི (FFI)ཀྲུང་གོའི་འབྲོག་སའི་རྩྭ་་ཞེས་པའི་ལས་གཞི་དངོས་སུ་འགོ་བརྩམས་པ་རེད། འཆར་གཞི་ལྟར་ན་རྗེས་མའི་ལོ་གསུམ་དང་ཕྱེད་ཀ་སྟེ2012ལོའི་ཟླ11པའི་ཚེས1ཉིན་ནས2016ལོའི་ཟླ4པའི་ཚེས30ཉིན་བར་དུ།ལས་གཞི་འདིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཡུལ་ཤུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རོང་འབྲོག་མང་ཚོགས་རྣམས《མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་ས་ཁུལ་གྱི་སྤྱིའི་འཆར་བཀོད》ཀྱི་ལག་བསྟར་ཁྲོད་ཧུར་ཐག་གིས་ཞུགས་པར་རྒྱབ་སྐྱོར་གནང་བར་མ་ཟད། སྤྱི་ཚོགས་ཀྱི་ནུས་པ་དེ་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་འཐིམས་སུ་འཇུག་པར་འཚོལ་ཞིབ་དང་གསར་གཏོད་བྱེད་པ་ཡིན།
ཡུལ་ཤུལ་སྦྱིན་པ་སྙིང་རྗེ་རོགས་སྐྱོབ་ཚོགས་པ་ནི་ལས་གཞི་འདིའི་མཉམ་ལས་བྱེད་ཡ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི་ལས་གཞི་འདིར་རམ་འདེགས་དང་སྣེ་སྟོན་གནང་བ་དང་། རྨ་ཆུའི་འབྱུང་ཡུལ་གྱི་བོད་རིགས་སྐྱེ་ཁམས་རིག་གནས་དང་བདེ་སྐྱོང་མཉམ་འབྲེལ་ལྷན་ཚོགས་ནི་མགོ་ལོག་ས་ཁུལ་གྱི་རམ་འདེགས་བྱེད་ཡ་ཡིན་པ་རེད། ལས་གཞིའི་སྤྱིའི་དམིགས་འབེན་ནི་འབྲོག་པའི་འཛིན་སྤེལ་ནུས་པ་མཐོར་འདེགས་དང་། གཞི་རིམ་གྱི་་འབྲོག་དམངས་དང་ས་གནས་སྲིད་གཞུང་བར་འབྲེལ་འདྲིས་དང་མཉམ་ལས་བྱེད་པར་བརྒྱུད་ནས་འབྲོག་པ་མང་ཚོགས་སྤྱིའི་འཆར་བཀོད་ཀྱི་ལག་བསྟར་དང་ལྟ་སྐུལ་ཚོད་ལེན་ཁྲོད་ཞུགས་སུ་འཇུག་རྒྱུ་དེ་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com