ཆོས་དབྱིངས་སྐྱིད་ལ2012ལོའི་ཀྲུང་ཧྭའི་གྲགས་ལྡན་བུ་དང་བུ་མོའི་གཟེངས་རྟགས་ཐོབ།
ཆོས་དབྱིངས་སྐྱིད་ལ2012ལོའི་ཀྲུང་ཧྭའི་གྲགས་ལྡན་བུ་དང་བུ་མོའི་གཟེངས་རྟགས་ཐོབ།
ཟླ2པའི་ཚེས1ཉིན། མི་རིགས་ཀྱི་གསོན་ཤུགས་ཞེས་པ་དམིགས་སུ་བཟུང་བའི2012ལོའི་ཀྲུང་ཧྭའི་བུ་དང་བུ་མོའི་གཟེངས་རྟགས་ཐོབ་མཁན་གྱི་མི་སྣ་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་འདུར་རྒྱུག་ལུས་རྩལ་པ་ཆོས་དབྱིངས་སྐྱིད་སོགས་མི་སྣ17ལ་ཐེངས་འདིའི་གཟེངས་རྟགས་ཐོབ་པ་རེད།
ལོ་རེའི་ཀྲུང་ཧྭའི་གྲགས་ལྡན་བུ་དང་བུ་མོ་ཞེས་པའི་ཁྱབ་སྤེལ་བྱ་འགུལ་འདི་སྐབས་སྔོན་མ་དག་དང་མཚུངས་པར། སྤྱི་དམངས་དང་། དྲ་དམངས། སྤྱི་ཚོགས་ཀྱི་ཚོགས་པ། འབྲེལ་ཡོད་སྤྱི་ཚོགས་ཀྱི་རྩ་འཛུགས། དེ་མིན་ས་གནས་སོ་སོའི་ན་གཞོན་མཉམ་འབྲེལ་རྩ་འཛུགས་སོགས་ཀྱིས་བསྐོ་བཞག་དང་། ཁྱབ་སྤེལ་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་ཆེད་མཁས་པའི་ཨུ་ཡོན་ལྷན་ཚོགས་ཀྱིས་ལེགས་འདེམ་བྱས་རྗེས། དྲ་དམངས་ཀྱི་འདེམ་བསྐོ་གྲངས་ཚད་དང་། ཆེད་མཁས་པའི་ཨུ་ཡོན་ལྷན་ཚོགས་ཀྱི་བསམ་འཆར། དེ་མིན་མི་སྣའི་བྱས་རྗེས་སོགས་རྒྱུ་རྐྱེན་གང་མང་ཕྱོགས་བསྡུས་བྱས་ཏེ་ཞིབ་བཤེར་གཏན་འབེབས་གནང་། སྐབས་འདིའི་ཁྱབ་སྤེལ་བྱ་འགུལ་ལ་མང་ཚོགས་ཀྱི་དོ་སྣང་བྱེད་ཚད་དང་། ཟབ་ཞུགས་བྱེད་ཚད་སྔར་ལས་མཐོར་འདེགས་བྱུང་ཡོད་ཅིང་། ཟླ་ཕྱེད་ཀྱི་དྲ་ཐོག་འདེམ་བསྐོ་བྱེད་པའི་དུས་ཡུན་ནང་དྲ་ཐོག་གི་ཀློག་གྲངས་དང་འདེམ་ཤོག་འཕེན་ཚད་མི་ཐེངས་དུང་ཕྱུར་གཅིག་ལ་བུད་པ་རེད།
ཆོས་དབྱིངས་སྐྱིད་ཀྱིས2012ལོའི་ལོན་ཏུང་ཨོ་རྩལ་འགྲན་ཚོགས་སུ་སྤྱི་ལེ་ཉི་ཤུ་ཡི་སྐྱེས་མའི་འདུར་རྒྱུག་ཁྲོད་ཨང་གཉིས་པ་བླངས་པ་དང་ཆབས་ཅིག་ཡ་གླིང་གི་ཟིན་ཐོ་ལས་བརྒལ། ལོ་ཉེར་གཉིས་ཅན་གྱི་མཚོ་སྔོན་བོད་རིགས་བུ་མོ་ཞིག་ཡིན་པའི་ཆ་ནས་ཆོས་དབྱིངས་སྐྱིད་ནི་ཨོ་རྩལ་ལོ་རྒྱུས་སྟེང་ཨོ་རྩལ་བྱ་དགའ་ལེན་མཁན་གྱི་བོད་རིགས་བུ་མོ་ཐོག་མ་ཡིན་ལ། འདི་ནི་ཁོ་མོར་ཕུལ་བྱུང་ལུས་རྩལ་མི་སྣ་གསར་བའི་བྱ་དགའ་ཐོབ་པ་ཐོག་མའང་ཡིན་ཏེ། འདིས་ཁོ་མོའི་གྲུབ་འབྲས་ལ་ཁས་ལེན་ཐོབ་པ་མཚོན་པར་མ་ཟད་རྗེས་ཕྱོགས་ཀྱི་ལུས་རྩལ་གོ་རིམ་ཁྲོད་རང་ཉིད་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com