སི་ལོ་ཝུན་ཉི་ཡ་རུ་ཀྲུང་གོའི་བོད་ཀྱི་གླུ་གར་འཁྲབ་སྟོན་བྱས།
ཟླ2པའི་ཚེས18ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས་སི་ལོ་ཝུན་ཉི་ཡའི་རྒྱལ་ས་ལོ་པུ་ཡཱ་ནཱ་རུ་ཕུན་སུམ་ཚོགས་པའི་གླུ་གར་འཁྲབ་སྟོན་བྱས་ཏེ་རྒྱ་ཆེ་བའི་གཟིགས་མོ་བ་ཡོངས་ཀྱི་ཡིད་དབང་རབ་ཏུ་བཀུག སི་ལོ་ཝུན་ཉི་ཡའི་སློབ་གསོ་དང་། ཚན་རིག རིག་གནས། ལུས་རྩལ་སྡེ་ཁག་གི་དྲུང་ཡིག་པ་སོགས་སྲིད་གཞུང་གི་འགོ་ཁྲིད་དང་། ཀྲུང་གོར་སྡོད་པའི་སི་ལོ་ཝུན་ཉི་ཡའི་གཞུང་ཚབ་པ་ཀྲང་ཞན་སོགས་ཀྱིས་འཁྲབ་སྟོན་འདིར་གཟིགས་མོར་གནང་།
ཐེངས་འདིའི་གླུ་གར་འཁྲབ་སྟོན་ནི་ཀྲུང་གོའི་རིག་གནས་པུའུ་སོགས་སྡེ་ཁག་འགས་རྩ་འཛུགས་གནང་བའི2013ལོའི་ཕྱི་རྒྱལ་གྱི་དཔྱིད་གསར་དགའ་སྟོན་བྱ་འགུལ་གྱི་ཁག་ཅིག་ཡིན་ཞིང་། བཀྲ་ཤིས་པའི་བྲོ་གར་ཞེས་པ་ལས་བྱ་འགུལ་གྱི་མགོ་བརྩམས་པ་དང་། མཚོ་བོད་མཐོ་སྒང་གི་བོད་མི་རིགས་ཀྱི་ཁྱད་དུ་འཕགས་པའི་གཡག་དང་གདོང་འབག་བྲོ་གར་སོགས་འཁྲབ་སྟོན་བྱས་པར་བརྒྱུད། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁྱད་ཆོས་ཡོངས་སུ་མངོན་པར་བྱས།
སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་མི་རིགས་གླུ་གར་ཚོགས་པ་ནི་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུའི་མཇུག་ཏུ་བཙུགས་པའི་ཁམས་པའི་སྒྱུ་རྩལ་འཁྲབ་སྟོན་གྱི་ཚོགས་པ་ཞིག་ཡིན་ཞིང་། ལོ་རབས་ཕྱེད་ལྷག་གི་དུས་ཡུན་ནང་གླུ་གར་ཚོགས་པ་འདིས་བོད་མི་རིགས་ཀྱི་གླུ་གར་རིག་གནས་སྒྱུ་རྩལ་སྲུང་སྐྱོབ་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་པའི་གོ་རིམ་ཁྲོད་རྒྱལ་ནང་གི་ས་ཆ་སོ་སོར་འཁྲབ་སྟོན་བྱས་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ20ལྷག་ཏུའང་གླུ་གར་འཁྲབ་སྟོན་གང་མང་བྱས་མྱོང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com