རྣམ་ཐར་རྒྱུན་འཛིན་སྲུང་སྐྱོབ་གནས་གཞིའི་མཚན་གསོལ་བྱེད་སྒོ་ཀན་ལྷོའི་ཀླུ་ཆུ་རུ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-02-26 10:59:00 ཀློག་གྲངས།:

རྣམ་ཐར་རྒྱུན་འཛིན་སྲུང་སྐྱོབ་གནས་གཞིའི་མཚན་གསོལ་བྱེད་སྒོ་ཀན་ལྷོའི་ཀླུ་ཆུ་རུ་སྤེལ་བ།
རྣམ་ཐར་རྒྱུན་འཛིན་སྲུང་སྐྱོབ་གནས་གཞིའི་མཚན་གསོལ་བྱེད་སྒོ་ཀན་ལྷོའི་ཀླུ་ཆུ་རུ་སྤེལ་བ།

        ཀན་ལྷོ་ཀླུ་ཆུ་རྫོང་གི་ས་གནས་ཀྱི་ཕུལ་བྱུང་དམངས་སྲོལ་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། ལོ་རྒྱུས་ཀྱི་རྒྱུན་རིང་བའི་བོད་ཀྱི་དམངས་ཁྲོད་རིག་གནས་ཤུལ་བཞག་སྔོག་འདོན་དང་ལེགས་སྒྲིག  ཉམས་ཉེན་ལ་འཕྲད་པའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་སྲུང་སྐྱོབ་དང་། ཀླུ་ཆུ་རྫོང་གི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས། དེ་མིན་ཀླུ་ཆུ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་ལ་མུ་མཐུད་དུ་ཡར་སྐུལ་བཅས་བྱེད་པར། ཟླ2པའི་ཚེས21ཉིན། ཀླུ་ཆུ་རྫོང་ཟམ་ཚ་ཡུལ་ཚོ་ཨུར་སྟེང་སྡེ་བར་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་སྟེ་རྣམ་ཐར་ཞེས་པའི་བོད་ཀྱི་ཟློས་གར་རྒྱུན་འཛིན་སྲུང་སྐྱོབ་གནས་གཞིའི་མཚན་གསོལ་བྱེད་སྒོ་སྤེལ་བ་རེད།
        རྣམ་ཐར་ཟློས་གར་ནི་སྔོན་ནས་བཟུང་ཀླུ་ཆུ་རུ་དར་ཡོད་ཅིང་། ལོ་རབས50བའི་མགོར་ཟམ་ཚ་ཡུལ་ཚོ་དང་ཨ་ལ་ཡུལ་ཚོ་སོགས་ཀྱི་སྡེ་བ་མང་པོར་ཟློས་གར་ཚོགས་པ་མི་ཉུང་བ་འདུག་མོད། རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་ཟློས་གར་འཁྲབ་པར་བཀག་འགོག་བྱས། རིག་གནས་གསར་བརྗེ་ཆེན་མོ་མཇུག་རྫོགས་རྗེས་ཨུར་སྟེང་སྡེ་བ་དང་འཇང་སྡེ་བ་རུ་སླར་དར་བྱུང་ཞིང་། དུས་ད་ལྟའི་བར་ལོ་ངོ33གྱི་ལོ་རྒྱུས་ལྡན་པ་དང་།  ཟློས་གར་ཚོགས་པས་སྔ་གཞུག་ཏུ《དྲི་མེད་ཀུན་ལྡན》དང་། 《སྲོང་བཙན་སྒམ་པོ》། 《རྒྱལ་པོ་ནོར་བཟང》སོགས་ཆ་ཚང་བའི་བོད་ཀྱི་སྲོལ་རྒྱུན་ཟློས་གར་འཁྲབ་སྟོན་བྱེད་ཐུབ་པ་བྱུང་བ་མ་ཟད། ལོ་རེའི་ལུགས་རྙིང་གི་ཟླ་བཞི་བར་བསྟུད་མར་འབྱུང་ཁྲབ་སྟོན་བྱེད་པ་ཡིན་ལ། ད་ཡོད་ཉར་ཚགས་བྱས་པའི་ཆ་ཚང་བའི་ལག་བྲིས་འཁྲབ་གཞུང5ཡོད་པ་རེད།
        རྒྱུས་ལོན་པ་ལྟར་ན། ཀླུ་ཆུ་རྫོང་ཟམ་ཚ་ཡུལ་ཚོ་ཨུར་སྟེང་སྡེ་བའི་རྣམ་ཐར་ཟློས་གར་དེ1978ལོར་དབུ་བརྙེས་པ་དང་དངོས་སུ་འཁྲབ་སྟོན་བྱས་ནས་ད་ལྟའི་བར་ལོ་ངོ34ཡི་ལོ་རྒྱུས་ལྡན་ཞིང་། ལོ་འདི་འགའི་འཕེལ་རྒྱས་ཀྱི་གོ་རིམ་དུ་རོང་འབྲོག་མང་ཚོགས་ཁྲོད་མུ་མཐུད་དུ་རྒྱུན་སྤེལ་དང་བརྒྱུད་སྤྲོད་བྱས་པ་དང་། ས་གནས་ཀྱི་སྡེ་མིས་དམངས་ཁྲོད་གཏམ་རྒྱུད་དང་སྤྱི་ཚོགས་རྙིང་བར་དགོན་པ་ཁོ་ན་རུ་འཁྲབ་སྟོན་བྱེད་པའི་རྣམ་ཐར་ཟློས་གར་ལ་གཞི་བཅོལ་ཏེ་རྣམ་ཐར་ཟློས་གར་འདི་ཉིད་རང་སྒྲིག་རང་འཁྲབ་བྱས་ལ། རྣམ་ཐར་གྱི་དམངས་ཁྲོད་རིག་གནས་འཁྲབ་སྟོན་ཚོགས་པ་བཙུགས་ཏེ་ཀླུ་ཆུ་རྩྭ་ཐང་དང་ཉེ་འཁོར་ས་ཁུལ་ན་མིང་དུ་གྲགས་པའི་དམངས་ཁྲོད་རིག་གནས་འཁྲབ་སྟོན་ཚོགས་པ་རུ་གྱུར་ཞིང་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།