《བྱང་ཆུབ་ཀྱི་མེ་ཏོག》ཅེས་པའི་དངོས་བྲིས་བརྙན་འཕྲིན་ཕབ་པ།
ཟླ2པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་སྐུ་འབུམ་དགོན་བརྗོད་གཞིར་བཟུང་བའི་དངོས་བྲིས་བརྙན་འཕྲིན་ཏེ《བྱང་ཆུབ་ཀྱི་མེ་ཏོག》ཅེས་པ་དངོས་སུ་ཕབ་མགོ་བརྩམས་ཤིང་། ཧ་ལམ་ལོ་ཕྱེད་ཀྱི་ཕབ་སྐྲུན་དུས་ཡུན་དགོས་པ་དང་། ཕབ་སྐྲུན་མཇུག་སྒྲིལ་རྗེས་རྒྱལ་ཡོངས་སུ་འགྲེམ་གཏོང་བྱ་རྒྱུ་ཡིན་པ་རེད།
དེ་ཡང《བྱང་ཆུབ་ཀྱི་མེ་ཏོག》ཅེས་པར་སྟོད་ཆ་དང་སྨད་ཆ་བཅས་ལེའུ་གཉིས་སུ་བགར་ཡོད་ཅིང་། ལེའུ་རེ་རེར་སྐར་མ30ཡོད་པ་དང་། གཙོ་ཆེར་རྗེ་ཙོང་ཁ་པའི་ལོ་རབས་གཏམ་རྒྱུད་རྨང་བྱས་ཏེ་སྐུ་འབུམ་དགོན་གྱི་ལོ་རྒྱུས་དང་འཕེལ་རྒྱས་ངོམ་ལ། སྐུ་འབུམ་དགོན་གྱི་གཏིང་ཟབ་པའི་རིག་གནས་གནས་སྐོར་གྱི་ཆ་སྔོག་འདོན་བྱེད་ཅིང་། མེ་ཏོག་མཆོད་འབུལ་དང་ལྡེབས་རིས། གཙགས་དྲུབ་སོགས་སྒྱུ་རྩལ་མཉམ་སྦྱོར་སྒོས་རིག་གནས་དང་། ལོ་རྒྱུས། སྒྱུ་རྩལ། ཆོས་ལུགས། མི་རིགས་འཆམ་མཐུན་བཅས་གཞི་གཅིག་ཏུ་སྒྲིལ་བའི་སྐུ་འབུམ་དགོན་པའི་ལྗོངས་དངོས་ཀྱི་དངོས་བྲིས་བརྙན་འཕྲིན་ཕབ་སྐྲུན་བྱེད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com