གུང་ཧོ་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་བོད་ཆུ་སྤྲུལ་ལོའི་ལོ་སར་སྤྲོ་ཚོགས།
གུང་ཧོ་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་བོད་ཆུ་སྤྲུལ་ལོའི་ལོ་སར་སྤྲོ་ཚོགས་ཀྱི་གླུ་གར་འཁྲབ་སྟོན།
སྐྱེས་མ་ལས་སྒྲུབ་པ་རྣམས་ཀྱིས་ཨ་རྩེད་ལེན་བཞིན་པ།
ཉེ་ལམ། གུང་ཧོ་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་གི་བོད་རིགས་ལས་སྒྲུབ་པ་རྣམས་ཀྱིས་རང་འགུལ་སྒོས་རྩ་འཛུགས་བྱས་ཏེ་བོད་ཆུ་སྤྲུལ་ལོའི་ལོ་སར་སྤྲོ་ཚོགས་ཀྱི་བྱེད་སྒོ་སྤེལ་ཞིང་། ཁོ་ཚོས་ལུས་ལ་གཟབ་མཆོར་དང་རྒྱན་ཆས་སྣ་ཚོགས་སྤྲས་ཏེ་གླུ་ལེན་གར་རྩེད་སོགས་བྱས་ནས་བག་བྲོ་བའི་བོད་ལུགས་ལོ་སར་ལ་རོལ་བ་རེད།
སྐྱེས་པ་ལས་སྒྲུབ་པ་རྣམས་ཀྱིས་གླུ་གར་འཁྲབ་སྟོན་བྱེད་པ།
གུང་ཧོ་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་གི་བོད་རིགས་ལས་སྒྲུབ་པ་རྣམས་ལྷན་དུ་པར་བླངས་པ།
གཟབ་མཆོར་སྤྲས་པའི་སྐྱེས་མའི་ལས་སྒྲུབ་པ་ཡོངས།
བྱ་འགུལ་ཁྲོད་ཁོ་རྣམ་པས་ཨ་རྩེད་དང་། རྡུང་ལེན། གླུ་གཞས། བྲོ་གར་སོགས་སྣ་ཚོགས་འཁྲབ་སྟོན་བྱས་ཤིང་། བརྩེ་སེམས་ཀྱི་ཁ་བཏགས་དཀར་པོ་མཐོ་རུ་བསྒྲེངས་པ་དང་། བདུད་རྩི་སིལ་མའི་མཆོད་ཆང་ཡར་ལ་བཏེགས་ཏེ་ལོ་གསར་བའི་ནང་ལྷག་བསམ་འཁོལ་བའི་རྟེན་འབྲེལ་གྱི་བཀྲ་ཤིས་སྨོན་འདུན་ཞུས། ཁོ་ཚོས་འབད་པ་གང་ལེགས་ཀྱིས་ལོ་རེ་བཞིན་རྣམ་པ་གསར་བའི་ལོ་སར་སྤྲོ་ཚོགས་ཀྱི་བྱ་འགུལ་སྤེལ་བའི་སྲོལ་བཟང་འདི་རྒྱུན་འཛིན་དར་སྤེལ་བྱེད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com