ཐེའེ་ཚང་རྒྱལ་སྤྱིའི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཆོས་དབྱིངས་སྐྱིད་ལ་བྱ་དགའ་ཨང་གསུམ་པ་ཐོབ།
ལུན་ཏུང་ཨོ་རྩལ་འགྲན་ཚོགས་སུ་ཟངས་རྟགས་ཐོབ་མཁན་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད།
ཟླ3པའི་ཚེས1ཉིན་ནས་ཚེས2བར། 2013ལོའི་ཐེའེ་ཚང་རྒྱལ་སྤྱིའི་མཆོང་འཕེན་འདུར་རྒྱུག་འགྲན་བསྡུར་དང་རྒྱལ་ཡོངས་འདུར་རྒྱུག་རྒྱལ་ཕམ་འགྲན་བསྡུར་དེ་ཅང་སུའི་ཐེའེ་ཚང་དུ་སྤེལ་བ་དང་། རྒྱལ་ཁབ་རུ་ཁག་གི་ཚབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་འགྲན་ཞུགས་པ་ཆོས་དབྱིངས་སྐྱིད་ཀྱིས་རྐང་པ་གཡོན་ཕྱོགས་རྨས་ཕོག་པའི་གནས་ཚུལ་འོག དུས་ཚོད1དང་སྐར་མ28དང་སྐར་ཆ27གྱི་གྲུབ་འབྲས་བཟང་པོ་ལས་ཐེའེ་ཚང་རྒྱལ་སྤྱིའི་འདུར་རྒྱུག་འགྲན་བསྡུར་གྱི་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ།
ཐེངས་འདིའི་འགྲན་བསྡུར་ནི་ད་ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྔོན་འདེམ་འགྲན་བསྡུར་ཡང་ཡིན་ཞིང་། དེ་སྔོན་ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྟིང་རྩོད་ཐོབ་ཐང་བླངས་ཡོད་པ་དང་། ཐེངས་འདིའི་འགྲན་བསྡུར་གྱི་དམིགས་ཡུལ་ནི་འགྲན་བསྡུར་བྱེད་པར་བརྒྱུད་དེ་སྦྱོང་བརྡར་དང་ཉམས་མྱོང་གསོག་པ་དེ་ཡིན་ལ། ཆོས་དབྱིངས་སྐྱིད་ཀྱིས་འབྲེལ་ཡོད་ལུས་རྩལ་ཐད་ནས་དངོས་ཤུགས་ཆེན་པོ་ཉར་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com