ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བོད་ཆུ་སྦྲུལ་ལོའི་ལོ་སར་བྱ་འགུལ་སྤེལ།
ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་སློབ་
རྣམས་བོད་ཆུ་སྦྲུལ་ལོའི་ལོ་སར་ལ་རོལ་བའི་ཚུལ།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར་དགའ་སྟོན་ལ་རོལ་བའི་དུས་བཟང་དུ། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་སློབ་རྣམ་པས2013ལོའི་བོད་ལུགས་ལོ་སར་ལ་རོལ་བ་ཡིན་ཏེ། བོད་རིག་པའི་སློབ་གླིང་གིས་དགུན་གནང་སྐབས་སུ་ཕ་ཡུལ་དུ་ལོག་མེད་པའི་དགེ་སློབ་རྣམས་རྩ་འཛུགས་བྱས་ཏེ་སློབ་གླིང་གཞན་གྱི་སློབ་མ་དང་ལྷན་དུ་སློབ་གྲྭའི་གསོལ་ཁང་དུ་འཛོམས་ནས་དགུ་ཐུག་འཐུང་བ་དང་། མི་རིགས་ཀྱི་གླུ་གར་འཁྲབ་སྟོན་སྣ་ཚོགས། སྐོར་བྲོ་སོགས་འཁྲབ་པར་བརྒྱུད་བག་བྲོ་བའི་སྤྲོ་སྐྱིད་ཀྱི་ལོ་སར་ཞིག་ལ་རོལ་ཞིང་། སློབ་གྲྭའི་སློབ་གཙོ་གཞོན་པ་ཀོ་ཝེ་ཕུན་དང་འབྲེལ་ཡོད་འགོ་ཁྲིད་སོགས་ཐེངས་འདིའི་ལོ་སར་སྤྲོ་སྟོན་ལ་ཞུགས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com