གངས་ལྗོངས་ཀྱི་གཅེས་ནོར་ཞེས་པའི་བོད་ལྗོངས་རིག་དངོས་མཉམ་འབྲེལ་བཤམས་སྟོན།
གངས་ལྗོངས་ཀྱི་གཅེས་ནོར་ཞེས་པའི་བོད་ལྗོངས་རིག་དངོས་མཉམ་འབྲེལ་བཤམས་སྟོན་གྱི་མཛད་སྒོ།
ཟླ3པའི་ཚེས6ཉིན་གྱི་སྔ་དྲོ། “གངས་ལྗོངས་ཀྱི་གཅེས་ནོར། བོད་ལྗོངས་རིག་དངོས་མཉམ་འབྲེལ་བཤམས་སྟོན”ཞེས་པའི་མཛད་སྒོ་དེ་པེ་ཅིང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བོད་ལྗོངས་རིག་གནས་བཤམས་སྟོན་ཁང་དུ་སྤེལ་ཞིང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་འགོ་གཙོ་གཞོན་པ་ཀྲུའུ་ཝེ་ཆུན་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱ་རི་བློ་བཟང་བསྟན་འཛིན། རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་གཞོན་པ་རྟ་མགྲིན་དབང་འབུམ་སོགས་འགོ་ཁྲིད་རྣམས་ཐེངས་འདིའི་མཛད་སྒོར་ཞུགས། ཐེངས་འདིའི་བཤམས་སྟོན་ནི་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་འཕེལ་རྒྱས་མཐུན་ཚོགས་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བ་དང་། བོད་ལྗོངས་རིག་གནས་བཤམས་སྟོན་ཁང་དང་བོད་ལྗོངས་རིག་དངོས་བཤམས་སྟོན་ཁང་གཉིས་ཀྱིས་འགན་སྒྲུབ་གནང་།
གངས་ལྗོངས་ཀྱི་གཅེས་ནོར།
ཐེངས་འདིའི་བཤམས་སྟོན་དུ་བསྡོམས་པས་རིག་དངོས210ལྷག་བཤམས་པ་དང་། དེའི་ཁྲོད་རྒྱལ་ཁབ་རིམ་པ་དང་པོ་དང་རིམ་པ་གཉིས་པའི་རིག་དངོས29འདུས། བཤམས་སྟོན་ལ་རིག་གནས་སྒྱུ་རྩལ་དང་དམངས་སྲོལ་བཅས་ཁག་གཉིས་སུ་དབྱེ་ཞིང་། ཁག་དང་པོར་གཙོ་ཆེར་དཔྱད་གཞིའི་ཡིག་ཚགས་དང་། ལྷ་བཟོའི་སྒྱུ་རྩལ། ཆོས་ལུགས་ཀྱི་ཡོ་ཆས། ཐང་ག གདོང་འབག་བཅས་རྣམ་པ་ལྔར་བརྒྱུད་དེ་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་རིག་གནས་སྒྱུ་རྩལ་ཚུར་སྣང་བྱེད་པ་མ་ཟད་ནང་ལོག་གི་རིག་གནས་བར་འབྲེལ་འདྲིས་བྱེད་པ་མཚོན་པར་བྱས། ཁག་གཉིས་པའི་ཁྲོད་གཙོ་ཆེར་སྲོལ་རྒྱུན་གྱི་རྒྱན་ཆས་དང་། འཚོ་བའི་ཡོ་བྱད། དམངས་ཀྱི་སྡོད་ཁང་སོགས་འགྲེམ་སྟོན་བྱེད་པར་བརྒྱུད་བོད་མི་རིགས་ཀྱི་བསམ་པའི་འཚོ་བ་དང་མཛེས་དཔྱོད་ཀྱི་ལྟ་བ་མཚོན་པར་བྱས།
གངས་ལྗོངས་ཀྱི་གཅེས་ནོར།
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱ་རི་བློ་བཟང་བསྟན་འཛིན་གྱིས་བསྟན་དོན། རིག་དངོས་ནི་ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱེད་པའི་གཞི་རྟེན་ཡིན་ཞིང་། ཐེངས་འདིའི་འགྲེམ་སྟོན་གྱི་རིག་དངོས་དག་ལས་བོད་ལྗོངས་ཀྱི་ལོ་རྒྱུས་དང་། རིག་གནས་སྒྱུ་རྩལ། དམངས་སྲོལ་སོགས་ཡོངས་སུ་མངོན་པ་དང་། ཕུན་སུམ་ཚོགས་པའི་ཀྲུང་ཧྭ་རིག་གནས་དང་རྒྱུ་མང་གཅིག་དྲིལ་གྱི་རིག་རྩ་རྒྱུད་འཛིན་སོགས་མངོན་གྱི་ཡོད།
བཤམས་སྟོན་འདི་གཟའ་རེའི་རེས་གཟའ་རིག་དམར་དང་། གཟའ་ཕུར་བུ། གཟའ་སྤེན་པ་བཅས་ཀྱི་སྔ་དྲོའི་ཆུ་ཚོད9ནས་ཕྱི་དྲོའི་ཆུ་ཚོད5བར་བཤམས་སྟོན་བྱེད་ཀྱི་ཡོད་ཅིང་། བཤམས་སྟོན་བྱེད་པའི་དུས་ཡུན་ནང་ད་དུང་བོད་ཀྱི་རིག་གནས་ཤེས་བྱའི་འཆད་ཁྲིད་དང་། བོད་ཀྱི་གླུ་གར་འཁྲབ་སྟོན་སོགས་བྱ་འགུལ་སྤེལ་རྒྱུ་ཡིན་ལ། ཟླ5བའི་ཟླ་དཀྱིལ་དུ་བཤམས་སྟོན་འདི་ཉིད་མཇུག་སྒྲིལ་ངེས་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com