ལོ་ལྔའི་ནང་མཚོ་སྔོན་པོའི་རྒྱ་ཁྱོན་ཆེ་རུ་ཕྱིན་པ།
དྭངས་ཤིང་གཙང་བའི་མཚོ་སྔོན་ཁྲི་གཤོག་རྒྱལ་མོ།
རྒྱལ་ཡོངས་དམངས་ཆེན་འཐུས་མིའམ་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་ཆང་ཝེ་ལགས་ཀྱིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱས་པའི་གནས་ཚུལ་སྐོར་མཚམས་སྦྱོར་བྱས་པ་སྟེ། ཉེ་བའི་ལོ་ནང་དུ་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་ལེགས་བཅོས་བྱས་པར་བརྒྱུད་ནས་སྐྱེ་ཁམས་ཁོར་ཡུག་ཉམས་བཞིན་པའི་འཕེལ་ཕྱོགས་ལ་ཚོད་འཛིན་ཐུབ་ཅིང་གྲུབ་འབྲས་མངོན་གསལ་བླངས་པ་རེད། དེའི་མཚུངས་སུ་མཚོ་སྔོན་པོའི་ཆུ་རྔམས་དང་ཆུའི་འབབ་ཚད་ཆེ་རུ་ཕྱིན་ཏེ། 2012ལོར་མཚོ་སྔོན་པོའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ4354.28ཡོད་པ་དང་། 2008ལོར་སྟོང་སྨི་གྲུ་བཞི་མ4317.69ཡོད་ཅིང་། ལོ་ལྔའི་ནང་ཞི་ཧུའུ་མཚེའུ6གི་རྒྱ་ཁྱོན་དང་མཉམ་པ་ཞིག་གིས་ཆེ་རུ་ཕྱིན་པ་རེད།
བསྡོམས་རྩིས་བྱས་པ་ལྟར་ན2012ལོའི་ལོ་མཇུག་བར་དུ་མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་རྒྱ་ཁྱོན་སྤྱི་ཆིངས816ལ་བསླེབས་ཤིང་། 1997ལོའི་ཞིང་ཆེན་ཡོངས་ཀྱི་བརླན་སའི་ཐོན་ཁོངས་རྩིས་བཤེར་ཐེངས་དང་པོ་ལས་སྤྱི་ཆིངས259ཡིས་ཇེ་ཆེར་སོང་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སོན། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱུང་བ་དང་བསྟུན་ནས་རི་སྐྱེས་སྲོག་ཆགས་ཀྱི་འཕེལ་ཁ་རྒྱས་པར་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱས་ལ། མིག་སྔར་རི་དྭགས་གཙོད་ཀྱི་གྲངས་ཚད་དེ་ཐོག་མའི་ཁྲི2མན་ནས་ཁྲི7ཡན་ལ་བསླེབས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com