ངོས་དང་པོ > སྐབས་དོན། > སྣ་ཚོགས།  > བོད་ཀྱི་ཁྱད་ལྡན་རིག་གནས་གནས་སྐོར་ལས་གཞི་དེ་རྒྱལ་ཁབ་ཚན་རྩལ་རྒྱབ་རྟེན་འཆར་གཞིའི་ཁྲོད་བཞག་པ།
				བོད་ཀྱི་ཁྱད་ལྡན་རིག་གནས་གནས་སྐོར་ལས་གཞི་དེ་རྒྱལ་ཁབ་ཚན་རྩལ་རྒྱབ་རྟེན་འཆར་གཞིའི་ཁྲོད་བཞག་པ།
							རྩོམ་པ་པོ།:བདེ་ཆེན་མཚོ།
							ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
							དུས་ཚོད།:2013-03-11 10:01:00
							ཀློག་གྲངས།:
							
							  ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་རྩ་འཛུགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཚོད་ལྟ་རྩིས་ལེན་ལྟེ་གནས་སོགས་ཁེ་ལས་དང་དོན་ལས་ལས་ཁུངས6གིས་མཉམ་དུ་འགན་འཁུར་བའི་བོད་ཀྱི་ཁྱད་ལྡན་རིག་གནས་གནས་སྐོར་འཁོར་སྐྱོད་མ་ལག་ཞིབ་འཇུག་འདོན་སྤེལ་དང་བཀོལ་སྤྱོད་དཔེ་སྟོན་གྱི་ལས་གཞི་དེ་ཚན་རྩལ་པུའི་རྒྱལ་ཁབ་ཚན་རྩལ་གྱི་རྒྱབ་རྟེན་འཆར་གཞིའི་ཆོག་མཆན་ཐོབ་པ་དང་། རྒྱབ་སྐྱོར་བྱེད་པའི་གྲོན་དངུལ་སྒོར་ཁྲི927ཡོད་པ་རེད། 
ལས་གཞི་འདིས་བོད་ཀྱི་ཁྱད་ལྡན་རིག་གནས་གནས་སྐོར་འཁོར་སྐྱོད་མ་ལག་དང་བཀོལ་སྤྱོད་དཔེ་སྟོན་བསྐྲུན་ནས། མིག་སྔའི་རིག་གནས་གྲངས་འཛིན་ཅན་དུ་བསྒྱུར་བའི་ལག་རྩལ་ཚད་ལྡན་དང་ཚད་གཞི་ཕྱོགས་བསྡུས་བྱེད་པ་དང་། བོད་ཀྱི་ཁྱད་ལྡན་རིག་གནས་གནས་སྐོར་རྒྱུ་ཆ་དང་ཟུང་དུ་སྦྲེལ་ནས་བོད་ཀྱི་རིག་གནས་ཆ་འཕྲིན་གྲངས་འཛིན་ཅན་དུ་བསྒྱུར་བའི་བླང་བྱ་དང་འཚམ་པའི་ལག་རྩལ་ཚད་ལྡན་དང་ཚད་གཞིའི་མ་ལག་ཅིག་བསྐྲུན་རྒྱུ་རེད། བོད་ཀྱི་ཐུན་མོང་མ་ཡིན་པའི་སྣ་མང་གནས་སྐོར་རིག་གནས་རྒྱུ་ཆ་སྔོག་འདོན་དང་ལེགས་སྒྲིག གཅིག་བསྡུས་བྱས་ཏེ་བོད་ཁམས་ཀྱི་རིག་གནས་གནས་སྐོར་ཐོན་ཁུངས་ཀྱི་གྲངས་མཛོད་ཅིག་བསྐྲུན་རྒྱུ་ཡིན་ཞིང་། དེས་བོད་ཀྱི་ཁྱད་དུ་འཕགས་པའི་རིག་གནས་གནས་སྐོར་ཀྱི་ཐོན་ཁུངས་མཉམ་དུ་སྤྱོད་པ་དང་། དྲ་རྒྱའི་ཁེབས་ཚུལ་མྱུར་ཞིང་མཐུན་སྦྱོར་ཡོང་བ། རྒྱུན་མཐུད་ཀྱིས་གོང་དུ་སྤེལ་བ། དེ་མིན་བོད་ཀྱི་ཁྱད་ལྡན་རིག་གནས་གནས་སྐོར་གོང་སྤེལ་གྱི་ཆུ་ཚད་མཐོ་རུ་འདེགས་པ་བཅས་སུ་སྐུལ་སྤེལ་གྱི་ནུས་པ་ཆེན་པོ་ཐོན་ཐུབ་པ་རེད།
												
						འབྲེལ་ཡོད་འོས་སྦྱོར།
						
				- 
							暂无相关信息roking						
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
							ཚ་ཤོས།
							བརྗེ་སྒྱུར།
						
							བརྙན་རིས།
						
							འོས་སྦྱོར།
							བརྗེ་སྒྱུར།
						
							པར་རིས་ལོངས་སྤྱོད།
						
										 青公网安备63252102000006号
青公网安备63252102000006号