བོད་ལྗོངས་སུ་སྐྱེ་དངོས་རྒྱུད་སྤེལ་གྱི་རྒྱུ་མཛོད་ཐོག་མ་བསྐྲུན་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-15 10:28:00 ཀློག་གྲངས།:

西藏将建首个生物种质资源库
བོད་ལྗོངས་སུ་ཡོད་པའི་ཕུན་སུམ་ཚོགས་པའི་སྐྱེ་དངོས་ཀྱི་རིགས།(བོད་ལྗོངས་སྐྱེ་དངོས་གཟུགས་རིས་རྟོག་ཞིབ་ལས་བཏུས།)

  ཟླ3པའི་ཚེས13ཉིན། བོད་ལྗོངས་ཚན་རིག་ལག་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་སུ་སྐྱེ་དངོས་རྒྱུད་སྤེལ་གྱི་རྒྱུ་མཛོད་ཐོག་མ་ད་ལོར་བསྐྲུན་རྒྱུ་ཡིན་པ་དང་། དེས་བོད་ལྗོངས་ཀྱི་སྐྱེ་དངོས་རྒྱུད་སྤེལ་གྱི་རྒྱུའི་ཐོན་ཁོངས་གསོག་ཉར་བྱེད་པའི་སྟོངས་ཆ་སྐོང་ཐུབ་པ་རེད།
  བོད་ལྗོངས་ཚན་རྩལ་ཐིན་གྱི་རྒྱུ་ཆ་ལས་མངོན་པ་ལྟར་ན། མིག་སྔའི་བར་དུ་བོད་ལྗོངས་ལ་རི་སྐྱེས་རྩི་ཤིང་རིགས6900ལ་ཉེ་བ་ཡོད་པ་དང་། དེའི་ཁྲོད་རྒྱལ་ཁབ་ཀྱི་སྲུང་སྐྱོབ་བྱེད་པའི་རི་སྐྱེས་རྩི་ཤིང་གཙོ་ཤས་རིགས39ཡོད་ཅིང་། རི་སྐྱེས་ཀྱི་སྒལ་རིས་ཅན་གྱི་སྲོག་ཆགས་རིགས800ཡས་མས་ཡོད་པ་དང་། དེའི་ཁྲོད་རྒྱལ་ཁབ་ཀྱི་སྲུང་སྐྱོབ་བྱེད་པའི་སྲོག་ཆགས་གཙོ་ཤས་རིགས123ཡོད་ལ། རྒྱལ་ཡོངས་ཀྱི་སྲུང་སྐྱོབ་བྱེད་པའི་སྲོག་ཆགས་གཙོ་ཤས་གྱི་བསྡོམས་གྲངས་ཁྲོད་སུམ་ཆའི་གཅིག་ཡན་ཟིན་འདུག
  བོད་ལྗོངས་ཀྱི་སྐྱེ་དངོས་རྒྱུད་སྤེལ་གྱི་རྒྱུ་མཛོད་དེ་ད་ལོར་བསྐྲུན་འགོ་བརྩམས་ནས2015ལོར་བཀོད་སྤྱོད་བྱེད་རྒྱུ་ཡིན་ཞིང་། སྐྱེ་དངོས་རྒྱུད་སྤེལ་གྱི་རྒྱུ་མཛོད་དེས་རྩི་ཤིང་གི་ས་བོན་གསོག་ཉར་དང་སྲོག་ཆགས་རྒྱུད་སྤེལ་གྱི་རྒྱུ་གསོག་ཉར། སྐྱེ་དངོས་ཕྲ་ཤས་རྒྱུད་སྤེལ་གྱི་རྒྱུ་གསོག་ཉར་སོགས་ཀྱི་ཉར་ཐབས་མང་པོ་སྤྱད་ནས་རིགས་དངོས་ཀྱི་རྒྱུད་སྤེལ་བར་ཁག་ཐེག་བྱ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།