མཚོ་ལྷོ་ཁུལ་ལོ་ལོན་རྒན་པོའི་དམངས་ཁྲོད་གླུ་ལེན་འབྲེལ་འདྲིས་ཆེད་ཚོགས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-21 11:28:00 ཀློག་གྲངས།:


གླུ་ལེན་རྒན་པོ་རྣམས་ཀྱི་ཟུར་ཞིག


གླུ་ལེན་བཞིན་པ།

        དེ་ཡང་བོད་རིགས་གཞོན་དར་རྣམས་ལ་གླུ་གར་སོགས་ཀྱི་བྱ་འགུལ་མང་དུ་ལྡན་ནའང་། གོམས་སྲོལ་ཞིག་ལ་བོད་ཀྱི་ལོ་ལོན་རྣམས་སྤྱིར་བཏང་དུ་རྩེད་མཚར་གྱི་རིགས་གང་མང་དུ་ཞུགས་ནས་དུས་འདའ་བར་མི་སྤྲོ་ཞིང་རྒྱུན་དུ་མ་ཎི་འདོན་པ་དང་མཆོད་རྟེན་སོགས་ལ་སྐོར་བ་བརྒྱབ་སྟེ་རང་ཉིད་ཀྱི་ཚེ་འདིའི་སྡིག་སྒྲིབ་སེལ་བ་དང་ཕྱི་མར་མི་ལས་ཐོབ་པའི་སེམས་འདུན་གཞན་ཞིག་འཚོལ་གྱི་ཡོད།  ཡིན་ནའང་ཁོ་ཚོའི་འཚོ་བར་སྤྲོ་བ་གསར་བ་ཞིག་བསྐྱེད་ཕྱིར་དང་གཞོན་དར་ཀུན་དང་བསྡུར་ན་ལོ་ལོན་རྣམས་ཀྱི་རྒྱུད་ན་གླུ་དང་གླུ་ཤགས་སོགས་དམངས་ཁྲོད་རིག་གནས་ཀྱི་རྐང་ཆེས་ཆེར་འཇགས་ཡོད་པའི་ཁར།  ཟླ3པའི་ཚེས20ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་གླུ་དང་གླུ་ཤགས་ལྟ་བུའི་དམངས་ཁྲོད་རིག་གནས་མྱུར་སྐྱོབ་བྱེད་པའི་ཀུན་སློང་དང་བསྡོངས་ནས་ཆེད་དུ་ལོ་ལོན་རྒན་པོའི་དམངས་ཁྲོད་གླུ་ལེན་འབྲེལ་འདྲིས་ཆེད་ཚོགས་ཀྱི་བྱ་འགུལ་སྤེལ་བ་རེད།


གླུ་ལེན་རྒན་མོ་རྣམས་ཀྱི་ཟུར་ཞིག

མཚོ་ལྷོ་ཁུལ་ལོ་ལོན་རྒན་པོའི་དམངས་ཁྲོད་གླུ་ལེན་འབྲེལ་ཚོགས།
རྒན་པོས་གླུ་ལེན་བཞིན་པ།

         ཐོག་མར་གླུ་འགོ་བླངས་པ་དང་བསྟུན་ནས་ཁ་མཚར་རྩེད་མཚར་བཤད་ཞོར་དུ་རྒན་པོ་རྒན་མོ་རྣམས་རེ་མོས་ཀྱིས་དམངས་གླུ་གང་མང་ཕུལ་རྗེས། གླུ་ཤགས་ཀྱི་རྩེད་རར་འཇུག་ནས་མང་ཚོགས་རྣམས་བག་བྲོ་བར་བྱས།


རྒན་མོས་གླུ་ལེན་པ།

        གླུ་ལ་མགུར་གླུ་དང༌། གླུ་ཤགས། ཇ་ཆང་གི་གླུ། ལ་གཞས་སོགས་མིང་འདོགས་ཚུལ་སྣ་ཚོགས་ཡོད་ཅིང༌། གླུ་ནི་དམངས་ཁྲོད་ཀྱི་འཚོ་བ་མཚོན་པའི་སྒྱུ་རྩལ་རྨད་དུ་བྱུང་བ་ཞིག་དང་དུས་རབས་ཀྱི་འཕོ་འགྱུར་རྟོགས་ཐུབ་པའི་ཐབས་དམ་པ་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་འཚོ་བ་དེ་དག་ལ་གང་ཟག་གསུམ་པ་ཞིག་གིས་དངོས་མྱོང་ལྟ་བུའི་ཚོར་བ་དང་སྦྱར་ན་དམངས་ཁྲོད་ཀྱི་གླུ་དེ་དག་གི་བྲོ་བ་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་འདྲེས་པའི་ཚོར་སྣང་ཞིག་གཞི་ནས་འབྱུང་ཐུབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།