མཚོ་སྔོན་བོད་ཡིག་ཁ་པར་གསར་འགྱུར་ཟླ3པའི་ཚེས28ཉིན་སྤེལ་རྒྱུ་རེད།
							རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
							ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
							དུས་ཚོད།:2013-03-24 13:38:00
							ཀློག་གྲངས།:
							
							
						
						
							        མཚོ་སྔོན་ཞིང་ཆེན་བོད་རིགས་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་ལས་ཕུན་ཚོགས་དང་། རྒྱ་ཆེའི་བོད་རིགས་མང་ཚོགས་ལ་དུས་ཐོག་དང་སྟབས་བདེའི་ཆ་འཕྲིན་ཞབས་ཞུ་སྒྲུབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་རྒྱུས་ལོན་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་དུ་གཏོང་ཆེད། མཚོ་སྔོན་ཞིང་ཨུའི་དགོངས་ཚུལ་ལྟར། ཞིང་ཨུའི་དྲིལ་སྒྲོག་པུའུ་དང་འབྲེལ་ཡོད་སྡེ་ཁག་གི་འབད་བརྩོན་འོག  མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་མཐུན་སྦྲེལ་དྲ་རྒྱའི་གསར་འགྱུར་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་གྱི་བོད་ཡིག་ཁ་པར་གསར་འགྱུར་ཞེས་པ་ཟླ3པའི་ཚེས28ཉིན་ཚོད་ལྟའི་རང་བཞིན་གྱིས་སྤེལ་འཆར་ཡོད་པ་རེད།
མཚོ་སྔོན་གྱི་བོད་ཡིག་ཁ་པར་གསར་འགྱུར་སྤེལ་བ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཚགས་པར་དང་བརྙན་འཕྲིན། རྒྱང་སྒྲོག དྲ་རྒྱ་སོགས་སྨྱན་བྱད་ཀྱི་རྗེས་སུ་སྤེལ་བའི་ཁྱབ་སྒྲོག་སྨྱན་བྱད་གསར་བ་ཞིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་བོད་རིགས་མང་ཚོགས་ཀྱིས་ཡར་བསྐྱེད་ཀྱི་ཆ་འཕྲིན་ཀློག་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་ངེས་པ་རེད།
												
					མཚོ་སྔོན་གྱི་བོད་ཡིག་ཁ་པར་གསར་འགྱུར་སྤེལ་བ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཚགས་པར་དང་བརྙན་འཕྲིན། རྒྱང་སྒྲོག དྲ་རྒྱ་སོགས་སྨྱན་བྱད་ཀྱི་རྗེས་སུ་སྤེལ་བའི་ཁྱབ་སྒྲོག་སྨྱན་བྱད་གསར་བ་ཞིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་བོད་རིགས་མང་ཚོགས་ཀྱིས་ཡར་བསྐྱེད་ཀྱི་ཆ་འཕྲིན་ཀློག་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་ངེས་པ་རེད།
						འབྲེལ་ཡོད་འོས་སྦྱོར།
						
				
				- 
							暂无相关信息roking						
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
							ཚ་ཤོས།
							བརྗེ་སྒྱུར།
						
						
					
							བརྙན་རིས།
						
						
					
							འོས་སྦྱོར།
							བརྗེ་སྒྱུར།
						
						
					
							པར་རིས་ལོངས་སྤྱོད།
						
						
					




 
										 
										 
										 
										
 
                                         
                                         
                                         
                                         
                                         
										 青公网安备63252102000006号
青公网安备63252102000006号