མཚོ་ལྷོ་ཁུལ་སྐབས་གཉིས་པའི་བོད་ཀྱི་བཙིར་འགྱིག་འགྲན་བསྡུར།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-25 10:36:00 ཀློག་གྲངས།:


བྱ་འགུལ་སྤེལ་བའི་ཡུལ་དངོས།


འགྱིག་བཞིན་པའི་ཚུལ།

        ཟླ3པའི་ཚེས21ཉིན་ནས་ཚེས23བར། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་བོད་ཀྱི་དམངས་ཁྲོད་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་པར་དམིགས་ནས་ཆེད་དུ་མཚོ་ལྷོ་ཁུལ་སྐབས་གཉིས་པའི་བོད་ཀྱི་བཙིར་འགྱིག་གསོ་སྦྱོང་འཛིན་གྲྭ་བསྡུས་ཏེ་བཙིར་འགྱིག་འགྲན་བསྡུར་གྱི་བྱ་འགུལ་རྩ་འཛུགས་སྒོས་འདི་གའི་མི་རྣམས་ལ་དམངས་ཁྲོད་རིག་གནས་ཀྱི་གལ་ཆེན་རང་བཞིན་སེམས་སུ་ངེས་རྒྱུ་དང་དེར་དོ་སྣང་ཆེན་པོ་བྱེད་དགོས་པའི་འཁྱེར་སོ་བསྟན་ལ། དེ་དང་གཅིག་མཐུན་གྱི་ངེས་ཤེས་རྙེད་ཅིང་བཙིར་འགྱིག་རོལ་རྩེད་ལ་མོས་པའི་ཁུལ་ཡོངས་ཀྱི་རྫོང་ལྔ་ནས་ཐོན་པའི་འགྱིག་བ་དང་ཆབ་ཆ་ས་ཁུལ་གྱི་སློབ་གྲྭ་སོ་སོ་ནས་འདེམས་པའི་སློབ་མ་ཁྱོན་བསྡོམས་པས་འགྱིག་བ40ལྷག་སྤྲོ་སེམས་འཁོལ་བའི་ངང་ཐེངས་འདིའི་བྱ་འགུལ་ལ་ཞུགས་ཡོད་ཅིང་། དེ་ལས་དར་མའི་འགྲན་སྐོར་དང་བྱིས་པའི་འགྲན་སྐོར་རིགས་གཉིས་སུ་དབྱེ་ཡོད།


འགྱིག་འདེབས་བཞིན་པ།

མཚོ་ལྷོ་ཁུལ་སྐབས་གཉིས་པའི་བོད་ཀྱི་བཙིར་འགྱིག་འགྲན་བསྡུར།
མཚོ་ལྷོ་ཁུལ་སྐབས་གཉིས་པའི་བོད་ཀྱི་བཙིར་འགྱིག་འགྲན་བསྡུར་ཁྲོད་ཁོ་རྣམ་པར་བྱ་དགའ་ཐོབ་པ།

        མཐར་ཚེས24ཉིན་གྱི་སྔ་དྲོ། མཚོ་ལྷོ་ཁུལ་སྐབས་གཉིས་པའི་བོད་ཀྱི་བཙིར་འགྱིག་འགྲན་བསྡུར་ཁྲོད་དར་མའི་འགྲན་སྐོར་གྱི་བྱ་དགའ་ཨང་དང་པོ་ཐོབ་མཁན་མང་རྫོང་ནས་ཐོན་པའི་འགྱིག་བ་བཀྲ་ཤིས་དོན་གྲུབ་ལ་སྒོར་སྟོང3དང་གཟེངས་རྟགས་དཔང་ཡིག་དང་བཙིར་འགྱིག་རྩེད་ཆས་ཆ་ཚང་།  ཨང་གཉིས་པ་ཐོབ་མཁན་གསེར་ཆེན་རྫོང་ནས་ཐོན་པའི་འགྱིག་བ་དབང་ཆེན་རྡོ་རྗེ་ལ་སྒོར་སྟོང2དང་གཟེངས་རྟགས་དཔང་ཡིག་རེ་དང་བཙིར་འགྱིག་རྩེད་ཆས་ཆ་ཚང་།  བྱ་དགའ་ཨང་གསུམ་པ་ཐོབ་མཁན་མང་རྫོང་ནས་ཐོན་པའི་འགྱིག་བ་ཚེ་རིང་རྡོ་རྗེ་ལ་སྒོར་སྟོང1དང་གཟེངས་རྟགས་དཔང་ཡིག་རེ་དང་བཙིར་འགྱིག་རྩེད་ཆས་ཆ་ཚང་།  ཕུལ་བྱུང་བྱ་དགའ4ལ་སོ་སོར་སྒོར500དང་གཟེངས་རྟགས་དཔང་ཡིག་རེ། དེ་མིན་ན་ཆུང་བྱིས་པའི་བྱ་དགའ་ཨང་དང་པོར་སྒོར300དང་གཟེངས་རྟགས་དཔང་ཡིག་དང་། ཨང་གཉིས་པར་སྒོར200དང་གཟེངས་རྟགས་དཔང་ཡིག  ཨང་གསུམ་པར་སྒོར100དང་གཟེངས་རྟགས་དཔང་ཡིག་བཅས་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།