ནོར་བྷ་དང་ཀླུ་མོ་མཚོའི་གླུ་གཞས་ཆེད་བསྒྲིགས་བསྟུད་མར་འགྲེམ་སྤེལ་བྱེད་ལ་ཉེ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-28 10:46:00 ཀློག་གྲངས།:


འཁྲབ་ཁྲིད་པ་དགྲ་འདུལ།

        ཉེ་ལམ། རྒྱུས་ལོན་བྱུང་བ་ལྟར་ན། ན་གཞོན་འཁྲབ་ཁྲིད་པ་དགྲ་འདུལ་གྱིས་ཇུས་འགོད་བྱས་པའི《ལྷན་འཛོམས》དང《ཨ་ཕ་ལ》ཞེས་པའི་གླུ་གཞས་ཆེད་བསྒྲིགས་གཉིས་བསྟུད་མར་འགྲེམ་སྤེལ་བྱེད་ལ་ཉེ་ཞིང་། གླུ་གཞས་ཆེད་བསྒྲིགས་འདི་གཉིས་ནི་བོད་རིགས་གླུ་བ་ནོར་བྷ་དང་གླུ་མ་ཀླུ་མོ་མཚོ་གཉིས་ཀྱི་ཕ་སྐད་ཆེད་བསྒྲིགས་ཡིན་པ་དང་། ཁོ་ཚོས་བླངས་པའི་ཕ་སྐད་བརྩེ་གླུ་མི་ཉུང་བ་བོད་རིགས་མང་ཚོགས་ཁྲོད་ན་དགའ་བསུ་ཆེན་པོ་ཐོབ་པ་རེད།


གླུ་བ་ནོར་བྷ།

ནོར་བྷ་དང་ཀླུ་མོ་མཚོའི་གླུ་གཞས་ཆེད་བསྒྲིགས་བསྟུད་མར་འགྲེམ་སྤེལ་བྱེད་ལ་ཉེ།
གླུ་མ་ཀླུ་མོ་མཚོ།

        ཀླུ་མོ་མཚོའི་ཆེད་བསྒྲིགས《ལྷན་འཛོམས》ཁྲོད་ཀྱི་གླུ་གཞས་རེ་རེ་ནི་ལེགས་འདེམ་བྱས་པའི་གླུ་གཞས་དག་ཡིན་ལ། དེ་ལས་ལྷན་འཛོམས་དང་ཆུ་ལེན་བུ་མོ་གཉིས་ལ་མང་ཚོགས་ཀྱི་དགའ་བསུ་ཆེས་ཆེར་ཐོབ་ཀྱི་ཡོད་ཅིང་ཕུལ་བྱུང་བརྩམས་ཆོས་སུ་བརྗོད་འོས། ནོར་བྷའི་ཆེད་བསྒྲིགས《ཨ་ཕ་ལ》ཞེས་པའི་ཁྲོད་རྣམ་པ་མི་མཚུངས་པའི་གླུ་གཞས་མང་པོ་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།