མང་རྫོང་བོད་སྐད་ཨུ་གཞུང་ལས་ཁང་གིས་ཆ་སྒྲིག་རོགས་སྐྱོར་གྱི་བྱ་འགུལ་སྤེལ་བ།
མང་རྫོང་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་ལས་སྒྲུབ་མི་སྣ་ཡོངས་སུམ་མདོ་
གྲོང་རྡལ་རུ་མང་སྡེ་བར་སོང་ནས་ཆ་སྒྲིག་རོགས་སྐྱོར་གྱི་བྱ་འགུལ་སྤེལ།
ཟླ3པའི་ཚེས26ཉིན། ནན་ཏན་སྒོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང༌། མཚོ་སྔོན་ཞིང་ཆེན་དང་མཚོ་ལྷོ་ཁུལ་གྱི་ཏང་འཐུས་གྲོས་ཚོགས་ཐེངས་བཅུ་གཉིས་པ། རྫོང་གི་ཏང་འཐུས་གྲོས་ཚོགས་ཐེངས་བཅུ་བཞི་པ་བཅས་ཀྱི་དགོངས་དོན་དྲིལ་སྒྲོག་དངོས་འབེབས་དང༌། སྒོས་སུ་མང་རའི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བཏོན་པའི་བརྒྱད་སྐྱེལ་བརྒྱད་རོགས་བརྒྱད་སྐུལ་གྱི་བྱ་འགུལ་སྤེལ་དགོས་པའི་བླང་བྱ་ལྟར། མང་རྫོང་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་ལས་སྒྲུབ་མི་སྣ་ཡོངས་སུམ་མདོ་གྲོང་རྡལ་རུ་མང་སྡེ་བར་སོང་ནས་ཆ་སྒྲིག་རོགས་སྐྱོར་གྱི་བྱ་འགུལ་སྤེལ་བ་རེད།
དེ་ཡང་། གཅིག་ནས་སྡེ་བའི་མང་ཚོགས་ཡོངས་ལ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་བཅས་ཀྱི་ཡིག་ཆ་ཨང་དང་པོའི་དགོངས་དོན་དྲིལ་སྒྲོག་བྱས་ཏེ་ཏང་གི་དམངས་ཕན་སྲིད་ཇུས་ལ་གོ་བ་བཟང་བོ་ཞིག་ལོན་དུ་བཅུག་པ་དང་། གཉིས་ནས་རུ་མང་སྡེ་བའི་གནས་བབ་ལ་གཞིགས་ནས་འཕེལ་རྒྱས་འཆར་འགོད་བཟོ་བར་ཁ་ཕྱོགས་བཟང་པོ་བསྟན། གསུམ་ནས་རྒྱ་ཆེའི་མང་ཚོགས་ལ་འབྲེལ་ཡོད་ཁྲིམས་ལུགས་ཤེས་བྱ་དྲིལ་སྒྲོག་བྱས་ཏེ་ཁྲིམས་ལུགས་དང་ཁྲིམས་སྲོལ་རྟོགས་པའི་དཔལ་ཡོན་གྱི་སྤྱི་དམངས་ཞིག་ཏུ་འགྱུར་བར་སྐུལ་མ་བཏང་།
དུས་མཚུངས་སུ། སུམ་མདོ་ཡིད་རྟོན་ཁང་ནས་སྡེ་བའི་ཁྱིམ་ཚང7ལ་དཔྱིད་འདེབས་གྲ་སྒྲིག་ཐད་དངུལ་བུན་སྒོར་ཁྲི14བརྩོན་ལེན་བྱས་པ་དང༌། དཀའ་ངལ་ཅན་གྱི་ཁྱིམ་ཚང5ལ་ཕྱེ་རྒྱ་མ500། འབྲས་རྒྱ་མ100། གཡིས་སྣུམ་རྒྱ་མ50བཅས་བྱིན་ནས་མིག་སྔར་གྱི་འཚོ་བའི་དཀའ་ཁག་སེལ། དེ་མིན་སྡེ་བའི་ན་གཞོན་དང་སློབ་མ་སྐོར་ཞིག་ལ་རིན་གོང་སྒོར625ཡི《མང་རྫོང་དམངས་ཁྲོད་གཏམ་དཔེ》དེབ25བྱིན་ནས་དཔེ་རྙིང་འཚོལ་སྡུད་ཀྱི་གལ་ཆེན་རང་བཞིན་རྟོགས་པར་སྐུལ་ལ། འདི་ལྟ་བུའི་ཆ་སྒྲིག་རོགས་སྐྱོར་བྱ་འགུལ་སྤེལ་བར་ས་དེའི་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཟོལ་མེད་ཐོབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com