བོད་ལྗོངས་ན་གཞོན་གྱིས་རྒྱལ་ཡོངས་མཆོང་རྒྱུག་འགྲན་བསྡུར་དུ་གྲུབ་འབྲས་བཟང་བོ་བླངས།
ཟླ4བའི་ཚེས12ནས14བར། རྒྱལ་ཡོངས་ན་གཞོན(ལོ16ནས་ལོ17བར)མཆོང་འཕེན་རྒྱུག་གསུམ་གཟེངས་རྟགས་འགྲན་བསྡུར་དེ་ཧྲན་ཏུང་དུ་སྤེལ་ཞིང་། སྐལ་བཟང་ཚེ་རིང་གིས་སྣེ་ཁྲིད་པའི་བོད་ལྗོངས་ཀྱི་རིང་འབྲིང་རྒྱུག་ལུས་རྩལ་པ་དག་སྐྱེས་པ་དང་སྐྱེས་མའི་སྨི3000ཡི་འགྲན་བསྡུར་ལ་ཞུགས་པ་དང་། གཞིས་ཀ་རྩེ་ས་ཁུལ་བཞད་མཐོང་སྨོན་རྫོང་ནས་ཡོང་བའི་རྟ་མགྲིན་ཚེ་རིང་གིས་སྐར་མ8དང་སྐར་ཆ53ཡི་གྲུབ་འབྲས་ཀྱིས་སྐྱེས་པའི་སྨི3000ཡི་ཨང་བཞི་བ་ཐོབ་པ་རེད།
རྒྱུས་ལོན་པ་ལྟར་ན། རྟ་མགྲིན་ཚེ་རིང་ནི་ད་ལོར་ལོ17ཡིན་ཞིང་། 2010ལོའི་ཟླ9བར་བོད་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭར་སྦྱོང་བརྡར་དང་སློབ་སྦྱོང་བྱས།
དེ་མིན་གཞིས་ཀ་རྩེ་ས་ཁུལ་རྣམ་གླིང་རྫོང་གི་ཚེ་རིང་མཚོ་མོས་སྐར་མ10དང་སྐར་ཆ11ཡི་གྲུབ་འབྲས་ལས་སྐྱེས་མའི་སྨི3000ཡི་ཨང་དྲུག་པ་བླངས་པ་མ་ཟད་སྐར་མ10དང་སྐར་ཆ36ཡི་བོད་ལྗོངས་སྐྱེས་མའི་དར་མ་དང་ན་གཞོན་གྱི་ཟིན་ཐོ་ལས་བརྒལ། ཚེ་རིང་མཚོ་མོ་ནི་ད་ལོར་ལོ16ཡིན་ཞིང་། 2011ལོར་བོད་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭར་སྦྱོང་བརྡར་དང་སློབ་སྦྱོང་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com